e-texts navigator
Collection
Volume
Page
Wylie

70a1 འངན།། ད་འགག་ཎ་ཟུང་ནས་གཉིས།། སྨྱེནས་གཉིས་ཉི་རལ།། ཡང་དི་ཉི་ཉད་དང་།། རིམ་གྱིས་ཀྱ་ལ་བ་ཤད་པར་བྱ།། རྡོར་བ་གཞི་ལགསུམ་དུ་བཤད།། དུས་གསུམ་ཀྱ་རྐྱོར་བ་དང་།། ཤེས་བ་མ་ས
70a2 དང་།། ཐབས་ཀྱི་གཉིས་མེད་སྦྱོར་བའོ།། དུས་གསུམ་ཆོས་ཉིད་ཐོག་མའི་གཞི།། གནས་པ་གཞི་ཡི་གང་ནས་དེ་སྒྲེང་།། བྱོར་བ་གཉིས་པ་བཅུ་ག་ཅིག་འོག། གཉིས་གཉིས་དག་ལ་སྦར་ཏེ་བཤད།། ལྡོག་པའི་ཀུན་གཞི་བདུན་དུ་བཤད།། གཏོར་མ་གཏང་དུ་མེད་པ
70a3 དང་།། ཕྲིན་ལས་བཙལ་དུ་མེད་པ་དང་།། མཚམས་ལ་གཅད་དུ་མེད་པ་དང་།། བཟླས་བརྗོད་བྱེ་རུ་མེད་པ་དང་།། བསྐབས་ཟིན་མ་ཟིན་གྱི་ཁྱད།། རྟོགས་པ་ལུང་གཱི་མ་ནང་ག་དང་།། ཆོས་ཉིད་འགྱུར་བ་མེད་པའོ།། གཞི་ལ་བཞིར་བསྟན
70a4 གཅིག་ལ་བཞི།། དེ་ནི་གཅིག་ལེ་བཞིར་བསྟན་གཅིག་གི་གཞི།། ཐུགས་རྗེ་གཞིར་བཞག་འདི་རུ་བླངས།། དེ་ནས་ཡང་དག་བཤད་པར་བྱ།། མཐར་ཕྱིན་ཡོངས་སུ་གཏད་པ་ནི།། རྣམ་པ་གཉིས་སུ་བཤད་པར་བྱ།། སྟོན་པས་འཁོར་ལ་གཏད
70a5 པ་དང་།། འཁོར་གྱིས་རྗེས་སུ་ཡི་རང་ངོ་།། དེ་ཡི་དང་པོ་གསུམ་དུ་བཤད།། རྒྱུད་ཀྱི་ཡོན་ཏན་བསྟན་པ་དང་།། རྒྱུད་ཀྱི་རྣམ་གྲངས་བསྟན་པ་དང་།། ཆེ་བ་དང་ལྡན་གཏད་པའོ།། དང་པོ་དང་པོའི་རྣམ་པ་བརྒྱད།། གཉིས་པ་དེ་འོག་བཞི་ཡིན་ཏེ།
70a6 གསུམ་པ་དེ་ཡི་ཡང་ནི་བཞི།། རིམ་གྱིས་སྦྱར་ཏེ་བཤད་པར་བྱ།། རྗེས་སུ་ཡི་རང་གཉིས་སུ་བཤད།། སེམས་དཔས་གཙོ་ལ་བསྟོད་པ་དང་།། འཁོར་གྱིས་རྗེས་སུ་ཡི་རང་ངོ་།། དང་པོ་ལ་ནི་བདུན་ཡིན་ཏེ།། ཐ་མ་ལ་ནི་དྲུག་ཏུ་བཤད།། རི་མ་དང་རིམ་པར
70a7 སྦྱར་བྱས་ལ།། ཡང་དགས་རུ་བཤད་པར་བྱ།། དེ་ལས་ལུས་ན་སིདྡྷི་ཀ་ན།། སྤྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ཀྱི་དཀའ་འགྲེལ། རིན་པོ་ཆེ་སྣང་བའི་འོད་ཟེར་ཞེས་བྱ་བ། སློབ་དཔོན་དགའ་ར་བ་རྡོ་རྗེས་མཛད་པ་རྫོགས་སོ།།




iiif viewer powered by OpenSeadragon

69b - 70b

Texts on this page

Gdg006.15 - spyod pa nyi zla dang mnyam pa'i rgyud kyi dka' 'grel