e-texts navigator
Collection
Volume
Page
Wylie

68b1 བཟང་ངན་སྐྱོན་ཡོན་གཉིས།། མཁས་པས་ཅག་རྡར་ཤེས་པར་བྱ།། དེ་ནས་ཡང་དག་བཤད་པར་བྱ།། ཡོངས་སུ་རྒྱས་པ་དྲུག་ཏུ་བཤད།། ལྦ་བ་ལྷྭམ་ལྟ་བུར་ཆེ།། བསྒོམ་པ་རྒྱ་མཚོ་ག་བླར་ཚྭ།། སྤྱོད་པ་ཁྱད་ཆེན་ལྟ་བར་ཚྭ།། འབྲས་བུ་ཀུན་བརྡང་ལྷ
68b2 བུར་ཆེ།། གོ་ལས་ནམ་མཁའ་ལྷ་བུར་ཆེ།། ཀུན་གཞི་སྣང་བ་ལྟ་བུར་ཆེ།། དང་པོ་ལ་ནི་གསུམ་དུ་བཤད།། ཐེག་པ་དྲུག་གི་ལ་བཟླ་དང་།། ཨ་ཏི་ཡོ་གའི་འདུག་ཚུལ་དང་།། ཟབ་མོ་ཆོས་ཀྱི་འཆར་སྒོའོ།། དང་པོ་གཞི་མིན་གཞི་ཚད་གསུམ།། གསུང
68b3 པོ་རིམ་གྱིས་སྦྱར་བར་བྱ།། དེ་འོག་བདུན་གྱིས་སྤྱོད་པ་སྟེ།། དེ་བཞིན་བརྒྱད་པ་བསྒོམ་པར་བྱ།། འབྲས་བུ་ལ་ནི་གཉིས་སུ་བཤད།། དང་པོ་གཞི་བཞག་སྐུ་བཞི་པ།། ཀུན་བཟང་མན་ཆད་བཅུ་བཞི་ནི།། ཐུགས་རྗེར་བསྟན་ཏེ་དབྱེན་གསུམ།། རྟེན
68b4 འབྲེལ་ཆོས་དང་འགྲོ་བའི་ཆོས།། འཇིག་རྟེན་ཆོས་དང་བཞི་ཚེ་གསུམ།། རིམ་གྱིས་སྟེར་ཏེ་ཀུན་བཟང་གཉིས།། གསུམ་པོའི་མགོ་ལ་རྣམ་པར་བརྒྱན།། གོལས་དེ་འོག་བདུན་ཡིན་ཏེ།། ཀུན་གྱི་ཐ་མའི་གཞིང་བཀྲལ།། དེ་ནས་ཡང་དགེ་བཤད་པར
68b5 བྱ།། ཤིན་ཏུ་རྒྱས་པ་དྲུག་ཡིན་ཏེ།། བལྟ་བ་ཆོས་ཉིད་ཐིག་ལེ་དང་།། བསྒོམ་པ་དབྱིངས་ཀྱི་ཐིག་ལེ་དང་།། སྤྱོད་པ་རྣམ་དག་ཐིག་ལེ་དང་།། འབྲས་བུ་ཀུན་བཟང་ཐིག་ལེ་དང་།། ཐུགས་རྗེ་ཡེ་ཤེས་ཐིག་ལེ་དང་།། ཀུན་གཞི་ལྷན་གྲུབ་ཐིག་ལེའོ།། དེ་ལ
68b6 བལྟ་བ་གཉིས་སུ་བཤད།། སྐུ་གསུམ་རང་ཆས་བལྟ་བ་དང་།། ཐུགས་རྗེ་རང་བྱུང་བལྟ་བའོ།། དང་པོ་བཞི་སྟེ་གཉིས་པ་བརྒྱད།། རི་མ་དང་རིམ་གྱིས་སྦྱར་ལ་བཤད།། དེ་ནས་ཡང་དག་བཤད་པར་བྱ།། བསྒོམ་པ་ལ་ནི་ལྔས་བཤད་དོ།། རང་བཞིན
68b7 གནས་པའི་ཡེ་ཤེས་དང་།། བླ་མས་བསྟན་པའི་རྟོགས་པ་དང་།། རྟོག་པའི་ཡོན་ཏན་རང་ལས་བྱུང་།། མ་བཅོས་རང་བཞག་བསྒོམ་པའི་མཆོག། དེ་ལ་བརྗོད་དུ་མེད་པའོ།། དེ་ལྔ་བཞི་ཚན་ལྔ་པ་ནི།། རིམ་དང་རིམ་གྱིས་སྦྱར་ལ་བཤད།། དེ་ནས་ཡང




iiif viewer powered by OpenSeadragon

68a - 69a

Texts on this page

Gdg006.15 - spyod pa nyi zla dang mnyam pa'i rgyud kyi dka' 'grel