e-texts navigator
Collection
Volume
Page
Wylie

60a1 དང་།། སྲད་བུར་བྷ་བ་སེམས་ཅན་གཉིས།། བྱང་ཆུབ་སེམས་སུ་རོ་གཅིག་པས།། ལམ་པས་བཅོས་སུ་ག་ལ་ཡོད།། ཙི་ཕྱིར་དགག་བསྒྲུབ་མེད་པ་ལ།། རྩལ་སྦུགས་རོ་དོགས་ཡུལ་ལས་འདས།། མཐོ་རིས་འདྲེན་པའི།
60a2 དགེ་བ་དང་།། འཁོར་བར་ལྟུང་བའི་སྡིག་པ་གཉིས།། ཆོས་ཀྱི་དབྱིངས་སུ་ཡོད་མཉམ་པས།། རྫོགས་ཆེན་རིས་མེད་ཆོས་ཆེན་པོ།། ཟོད་རྒལ་བློ་ཡི་བདུད་རྩི་འདི།། སྐལ་མེད་མོངས་པའི་བདུད་དུ་འགྱུར།། དཔེར་ན་དུག་གི་རང་བཞིན་ལ།། རྫ་བྱེ་དག་ལ
60a3 རྒྱན་གྱིས་མཛེས།། གཞན་རྣམས་ལ་ནི་དུག་གིས་འཇིགས།། ཐམས་ཅད་རྫོགས་པའི་བདེ་ཆེན་པོ།། སྐྱེ་འགག་མེད་པར་ལྷུན་གྱིས་གྲུབ།། ཁྱབ་གདལ་མ་བཅོས་ཡེ་སངས་རྒྱས།། སྤྲོས་བྲལ་གཉིས་མེད་ཁོ་ནའོ།། དོན་འདི་ངེས་པར་རྟོགས་ན་ནི།། རྒྱལ
60a4 བ་རྣམས་དང་མཉམ་པ་ཡིན།། སེམས་ཉིད་དོན་གྱི་ཡེ་ཤེས་ལ།། སྤྱད་པར་བྱ་བའི་གནས་དང་བྲལ།། བྱ་ཐལ་དང་ལ་རྣམ་པར་རོལ།། མིང་ཙམ་སྤྱོད་ཅེས་དེ་ལ་བྱ།། འདའ་ཀ་མ་ཡི་སྤྱོད་པ་ནི།། ཅིར་སྣང་བྱང་ཆུབ་སེམས་སུ་མྱོད།། སེམས་ཉིད་ཆོས་ཀྱི་སུ་རུ
60a5 བྱ།། སྐུ་ཉིད་སྦྲང་བྱ་སྤྱོད་བྱེད་བྲལ།། བྱ་བྲལ་བ་ལ་གང་གནས་པ།། སྐྱེ་མེད་དོན་གྱི་རྣལ་འབྱོར་རོ།། རྒྱ་མཚོ་དང་མཉམ་པ་རྟོག་པ་མེད་པའི་རྒྱུད་ལས། སྤྱོད་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་བ།། གདོད་ནས་མཾ་སྐྱེས
60a6 ཐོབ་བསྒྲུབ་འདས།། རི་དོགས་བློ་ལས་རྣམ་པར་གྲོལ།། སྐྱེ་མེད་བརྗོད་མེད་ཁོ་ན་ཉིད།། མཐའ་བྲལ་གཉིས་མེད་དོན་དམཐོང་།། དགག་བྱ་བ་སྒྲུབ་བྱ་རྣམ་པར་དག། མ་སྐྱེས་བྱ་བྲལ་ཆོས་ཉིད་ཀློང་།། ཅིར་ཡང་མི་དམིགས་ཁྱབ་གདལ་ལ།། བགྲོད
60a7 དུ་མེད་པར་ལྡན་གྱིས་གྲུབ།། སྐྱེ་མེད་གཉིས་མེད་སྤོས་དང་བྲལ།། སྐུ་ལྔ་ཡེ་ཤེས་ལྔ་ཡི་དང་།། རྟོག་བྲལ་དམིགས་མེད་ཁྱབ་གདལ་ཀློང་།། བློས་མེད་བྱང་ཆུབ་སྙིང་པོའི་དབྱིངས།། འབྲས་བུ་བལྟ་བསྒོམ་སྤྱོད་པ་བསྟན།། རང་སྣང་གཉུག་མ་ལ་མ་ལས




iiif viewer powered by OpenSeadragon

59b - 60b

Texts on this page

Gdg006.13 - chos thams cad rdzogs pa chen po byang chub kyi sems 'khor ba rtsad nas gcod pa rgya mtsho dang mnyam pa rnyog pa med pa'i rgyud