e-texts navigator
Collection
Volume
Page
Wylie

59a1 འཛི་མ་སྐྱེས་སྨོས་བྲལ་དང་།། མཉམ་ཉིད་མཁའ་འདྲ་རྟོག་པ་མེད།། སྤྱན་གྲུབ་རྟོག་པས་བྷ་བཅལ་བྲལ།། དང་བཞི་གནས་དུས་སུ་ནི།། དྲན་པ་ཤེས་བཞིན་རྩི་ཡིས་བཟུང་།། དཔེར་ན་གླང་ཆེན་ལྗགས་ཀྱུ་བཞིན།། མ་ཡེངས
59a2 དྲན་པས་རང་སར་གྲོལ།། གཉིས་པ་མཉམ་གཞག་དུས་སུ་ནི།། ཤེས་བྱ་ཆོས་ཉིད་བུམ་པར་གཞུག། གསེར་བུ་མ་ཏིལ་གྱི་སྒྲོན་མ་བཞིན།། འགྱུར་མེད་རིག་པ་ནང་ན་གསལ།། གསུམ་པ་རྗེས་ཐོབ་དུས་སུ་ན།། དབང་པོ་མ་དགག་རང་ཡན་བཞག
59a3 གསེར་གླིང་བརྡལ་བའི་ཀླུང་ཆེན་བཞིན།། གང་བལྟས་རྫོགས་པ་ཆེན་པོའི་ཀློང་།། ཐ་མ་ལྷག་མཐོང་དུས་སུ་ནི།། མཚན་མ་རེང་གྲོལ་བྲོས་མ་རེག། དུག་སྦྲུལ་འབར་བའི་མདུད་པ་བཞིན།། རྩོལ་བ་སྒྲུབ་མེད་པར་རང་སར་གྲོལ།། དེ་ལྟར་དུས་བཞི་བསྒོམ་པ
59a4 ལ།། བྱིང་བ་བརྒྱང་དང་རྒོད་པ་ལྔ།། བྱང་རྒོད་སྐྱོན་དུ་གཏང་མི་བྱ།། བྱིང་ལ་གསེང་ལ་རྒོད་ན་བསྐུ།། དེ་ལྟར་ཟླ་བ་དྲུག་བསྒོམས་ན།། གཡོ་དང་གོམས་པ་ཐོབ་དང་བརྟན།། གསལ་བ་ནམ་མཁའ་ལྟ་བུ་འབྱུང་།། ནམ་མཁའ་དངས་པའི་ཟླ་བ་བཞིན།
59a5 ཀུན་ལ་སྙོམས་ལ་རྟོག་སྒྲིབ་མེད།། ཁ་སྐོམ་ཟས་དང་བྲལ་བྱས་ཀྱང་། མདངས་དང་དབང་པོ་གཏིང་ནས་གསལ།། བཟོད་ཐོབ་ཆོས་བརྒྱད་སྤང་ལེན་མེད།། འདོད་ཡོན་ལྔ་ལས་རྣམ་པར་གྲོལ།། ཉོན་མོངས་ཞན་འཛིན་རྟོག་པ་ཟད།། ལུས་ནི་ཤིང་བལ་ལྟ་བུར
59a6 ཡང་།། དབུགས་ནི་འབྱུང་འཇུག་མེད་པའི་ཉམས།། གྲུབ་པའི་རྟགས་རྣམས་འཆར་བ་དང་།། མངོན་ཤེས་ལ་སོགས་མཚན་མ་མཐོང་།། མཁའ་འགྲོས་ལུང་བསྟན་ལ་སོགས་འབྱུང་།། དེ་ལ་དག་འབྲོད་མི་བྱ་ཞིང་།། མེད་ཀྱང་ཇི་མི་སྙམས་པའི་ཉམས།།
59a7 གཉིས་མེད་གསལ་ཁྱབ་ཁྲུང་ཆེན་རྒྱས།། ཀུན་གཞི་བྱེ་མེད་སྙིང་པོ་ལ།། བསྒོམ་དང་མི་བསྒོམ་རྟོག་ལས་འདས།། རྟོག་འདས་དོན་གྱི་ཡེ་ཤེས་ལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།། བསྒོམ་པ་མེངད་དུ་བཏགས་པས་ནོར།། ཅི་ཕྱེར་བརྗོད་པ་ཀུན




iiif viewer powered by OpenSeadragon

58b - 59b

Texts on this page

Gdg006.13 - chos thams cad rdzogs pa chen po byang chub kyi sems 'khor ba rtsad nas gcod pa rgya mtsho dang mnyam pa rnyog pa med pa'i rgyud