| | e-texts navigator
|
58a1 བཞིན་དུས་གསུམ་མེད།། གཡོ་བསྐྱེད་ལེན་དོར་མཉམ་ཉིད་དོ།། གང་དུ་ཀུན་འཁོར་བདག་ལས་འབྱུང་།། འདི་མཉམ་འདི་གནས་ཨ་དེ་བཞིན།། སྣང་དེ་བྱང་ཆུབ་ཆུ་ཟླ་བཞིན།། མ་བསྒོམས་དཀྱིལ་འཁོར་ཡི་གེ་མེད།། རྣམ
58a2 གྲངས་གང་ལྟར་མེ་ཏོག་སྟེ།། མཚན་མ་མི་འགྱུར་གནས་པ་བཟང་།། མི་ཕྱེད་རོལ་པར་གནས་མཉམ་ཞིང་།། མ་ཡིན་གནས་པས་ཡེ་ཤེས་རང་།། མི་འགྱུར་མི་གནས་བསྟན་དུ་མེད།། རྨད་བྱུང་བྱ་བྲལ་ཅིར་ཡང་འབྱུང་།། འདི་འགྲོ་འཁྲུལ་པ་སྨན་པས
58a3 ཚུལ།། གོ་བཉིད་ནི་དེ་ལ་ཕྱོགས།། མ་ངེས་རིགས་ཀྱི་དེ་བཞིན་འབྱུང་།། འདས་དང་མ་འོངས་པ་སྙད་དེ།། སྐྱེ་འགག་དེ་ཉིད་མཉམ་པས་གཅིག། ཚོགས་ཀྱི་རང་བཞིན་ལྷན་གྱིས་དག། འདུ་བྱེད་ལྷག་པ་ཡུད་ཀྱིས་བལྟས།། མཐོང་བ་དེ་ནི་ཡུང་ཙམ
58a4 ཡིན།། དམ་ཚིག་སྦྱོར་བ་གཏོར་མ་ལས།། བགེགས་བསལ་སྔགས་ཚིག་མཆོད་དང་གཏོར།། ཐམས་ཅད་རྟོག་མེད་ཆེན་པོར་འགྱུར།། ཉིད་ལ་སྒྲིབ་པར་རྟོགས་ན་མེད།། རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས།། ལྷུན་གྱིས་གྲུབ་པའི
58a5 ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། གདོད་ནས་མ་གྱེས་སྒོ་སྲུང་བྲལ།། སྲང་འགེག་སྤྱོད་པ་རང་སར་གྲོལ།། བསྒྱུར་དང་སྤྱོད་ལྔ་རྣམ་པར་དག། འདི་ནི་འགྲོ་ཀུན་བྱང་ཆུབ་སེམས།། རྣམ་དག་ནམ
58a6 མཁའ་བཞིན་དུ་གསལ།། སྐྱེ་འགག་ཡོད་མེད་མཐའ་ལུས་འདས།། དངོས་བྲལ་རིག་གསལ་ཕྱོགས་མ་ལྡང་།། སྲང་བྱུང་བཏང་སྙོམས་མངོན་གྱུར་མེད།། བརྗོད་བྲལ་མ་བཅོས་ལྷུན་གྱིས་གྲུབ།། དོན་དམ་པདེ་ཆེན་མཐའ་ལས་འདས།
58a7 དུས་གསུམ་ཡང་དག་ཨ་ཏི་ནི།། འདུ་འབྲལ་རྟོག་མེད་ལྷུན་གྱིས་གྲུབ།། མི་འགྱུར་བ་ཡི་བལྟ་བ་ལ།། གཡོས་པ་མེད་པའི་རྩི་ཡིས་བཟུང་།། གཡོས་པ་མེད་པའི་ཏིང་འཛིན་ལ།། མ་འགགས་པ་ཡི་རྩི་ཡིས་བཟུང་།། མ་འགགས་པ་ཡི
iiif viewer powered by OpenSeadragon
57b - 58b