e-texts navigator
Collection
Volume
Page
Wylie

56a1 ནམ་མཁའ་དང་མཉམ་པ་ལ་གེ་མེད་པའི་ན་ལས། འོད་གསལ་གཉིས་མྱེད་ཀྱི་ལེང་རྒྱ་བཅུ་གཉིས་པར།། དདས་བཅོམ་ལྡན་བཀའ་སྩལ་པ།། མ་མག། ལས་འདས་ཆེ།། མྱ་བསྒྲུབས་ཀུན་ལས་མ་པ་ན་མཁས།
56a2 བསམས་སྐྱེ་བ་མེད་པས་ཨ།། མ་བསྒོམས་དབྱིངས་སུ་ཐིམ་པས་ཧི།། ཡོ་ག་རྫོགས་ཆེན་ཆོས་ཀྱི་རྩེ།། ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ།། རྫོང་བཞི་གཉིས་མེད་ཚིག་གཅིག་ལྷ།། འཕྲང་བཞི་དབྱེར་མེད་ཚིག་ཆོད་ལྷ།། ཀློང་བཞི་ཟུང་འཇུག་འདས་ཁའི་ལྷ།། དབུལ
56a3 གེ་ཏེར་ཕྲད་སྐུ་བཞིའི་གདེང་།། རྫོགས་པ་ཆེན་པོ་ས་གཅིག་པ།། གང་གིས་དེ་རྟོག་དེ་ཡིས་ས།། ཡོངས་སུ་རྫོགས་པས་ཆོས་ཀྱི་ཅི།། བདེ་བ་ཆེ་ལས་གཞན་མེད་དོ།། སྤ་བསམ་བརྗོད་མེད་ཆོས་ཀྱི་སྐུ།། གཉིས་མེད་བདེ་བ་ཆེན་པོའི་ཀློང་།། སྤྲུལ་པ་རྒྱན་དང་རོལ་པར
56a4 ཤར།། སྐུ་ལྔ་ཡེ་ཤེས་ཐིག་ལེར་རྫོགས།། མ་སྐྱེས་པ་ཡི་དབྱིངས་ཉིད་དུ།། མི་གཡོས་པ་ཆུ་ཡིད་གནས་པས།། མ་བསྒྲུབས་པ་ཡི་འབྲས་བུ་སྟེར།། མ་བསམས་པ་རུ་རེ་བ་བསྐང་།། ཡེ་ཤེས་ཆེན་པོའི་རོས་གང་བས།། མཚོན་དུ་ཡོད་པ་མ་ཡིན་ཏེ།། ཡེ་ཤེས
56a5 རོལ་པས་འགྲོ་དོན་རྫོགས།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐུ་གསུམ་ཐིག་ལེར་རྫོགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདི་སྐད་གསུངས།། ཅིར་སྣང་དེ་བཞིན་ཉིད་དུ་གཅིག། འདི་ལ
56a6 བཅོས་བསླད་མ་བྱེད་ཅིག། མ་བཅོས་མཉམ་པའི་རྒྱལ་པོ་དེ།། མི་རྟོག་ཆོས་སུའི་དགོངས་པར་གནས།། སྐྱེ་མེད་ལྟ་བ་སྟོང་པ་ཉིད།། ཀུན་ཁྱབ་སྒོམ་པ་གཉིས་སུ་མེད།། འཁྲུལ་སྤྱོད་སེམས་ཀྱི་རྒྱན་དུ་རོལ།། རྟོགས་པའི་འབྲས་བུ་ཐིག་ལེར
56a7 གཅིག། དུས་གསུམ་གཅིག་སྟེ་ཁྱད་པར་མེད།། གཏན་ཚིགས་བཞི་རུ་གཅིག་པོའི་ཕྱིར།། ང་ལས་བྱུང་ཞིང་ར་རུ་ཐིམ།། ང་ཡི་རང་བཞིན་འོད་གསལ་ལོ།། ཨེ་མ་སེམས་དཔའ་རྡོ་རྗེ་ཆེ།། ནམ་མཁའི་མཐའ་ལྟར་ལོངས་སྤྱོད་པས།། ཆོས་དབྱིངས




iiif viewer powered by OpenSeadragon

55b - 56b

Texts on this page

Gdg006.12 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa'i yi ge med pa'i rgyud