| | e-texts navigator
|
55a1 གནོད་ནས་སྐྱེང་པོ་བྱང་ཆུབ་ལ།། བཙལ་མའི་བསམ་པས་དབྱིངས་མི་བསྐྱོད།། སྐུ་དང་ཡཱ་ཤེས་ཚིག་ལས་གྲོལ།། གྲོལ་ནས་ཐོབ་པའི་ལམ་ཡང་སྟོན།། སྙིང་པོ་ཀློང་ནས་གྲོལ་བ་ལ།། མངོན་སུམ་རྗེས་དཔག་ལོག་པར་རྟོག།
55a2 ཟློག་གེའི་ལྟོད་ཡུལ་མ་ཡིན་ནོ།། ཙཾ་སྟེ་བྱ་བཙལ་བྲལ་བའི་ཕྱིར།། བྱས་པ་སྐྱེ་མེད་ཐལས་འདས་སྒྲ་དང་ཚིག་གི་མཐའ་ལས་གྲོལ།། སྟོང་པ་ཡེ་ཤེས་སྙིང་པོར་ཤར།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། དེ་ཁོད་ཉིད་རྗེ་ལ
55a3 སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ།། འཛིན་པར་ཤེས་པ་ཡོད་པའི་ཕྱིར།། ཚོར་བ་ཉམས་སུ་མྱོང་བའོ།། སྤང་བ་སེམས་ཉིད་རྒྱན་ཤར་བས།། སྣང་བའི་བར་དྲི་སྟོང་རྒྱ་ཟབ།། བསམ་གཏན་གཉིད
55a4 གཉིས་རོ་མཉམ་ཕྱིར།། རྨི་ལམ་པར་དེ་རྣམ་པར་དག། སྐྱེ་ཤི་མེད་པའི་དོན་རྟོགས་པས།། ཚིག་བར་དོ་བདེ་ཆེན་ཀློང་།། ཕྱི་མ་བདེ་བ་མཆོག་ཐོབ་པས།། སྲིད་པའི་བར་དོར་ལུས་མཽ་ལེན། ལྷས་མེད་ལུས་ཏྭེ་ལུས་ཀྱི་མཆོག། སྤྲུལ་པའི་སྐུ་སྟེ་རྣམ་པར་དག། མ་རྟོགས་མོས་པའི
55a5 རྡུལ་འབྱོར་ཀྱང་།། ཅི་སྟ་ལས་ཀྱི་དབང་གྱུར་ན།། བདེ་བན་ཚིག་གི་ལས་འགྲོ་མཐུང།། ལས་པས་གྲོལ་ན་ཐར་པའི་མཆོག། ཇི་ཙམ་པ་ཡི་ཚིག་བརྗོད་ཀྱང་།། སེམས་ལས་གུད་ན་ཡོད་མ་ཡིན།། ཕོ་མོ་མ་ཡིན་མ་ནིང་མིན།། ཁེ་དོག་དབྱིབས་དང་མཚན་མ་མེད།། འདས་དང་མ
55a6 འོངས་ད་ལྟར་མེད།། གཅིག་དང་ཐ་དད་ལས་གྲོལ་བ།། དྲན་པ་དངོས་མེད་རིག་པའི་རྒྱན།། རླུང་ལས་བརྟེན་ཅིང་རྒྱུན་མི་ཆད།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ལེའུ་སྡེ་བཅུ་པའོ།། ། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་རྣམ
55a7 ཐམས་ཅད་སྟོང་པ་ཉིད།། གཞག་ཀྱང་རང་བཞིན་རྣམ་པར་དག། རྣམ་པར་མི་རྟོག་སྤོས་བྲལ་མཁའ།། ར་བ་གཟུགས་མེད་ཚོར་བ་མེད། འདུ་ཤེས་འདུ་བྱེད་རྣམ་ཤེས་སྤྱོད།། དབང་པོ་ལྔ་དང་ཡུལ་ཡང་སྤོང་།། སྐྱེ་མཆེད་ཁམས་དང་རྟེན་འབྲེལ་སྤོང་།། བདེད་པའི་བ
iiif viewer powered by OpenSeadragon
54b - 55b