e-texts navigator
Collection
Volume
Page
Wylie

54a1 སྤྱོད་དུ་མེད།། ལྷུན་གྱིས་གྲུབ་པས་རྡོལ་བསྐྱབ་མེད།། མ་ཡེངས་དྲན་པས་སྐྱེས་དྲང་བྲལ།། སྔགས་དང་ཕྱག་རྒྱ་རྣམ་པར་དག། སྟོང་ཉིད་འངལ་མཆོད་པཤུགས་མང།། འཁོར་འདས་ཁྱབ་གདུལ་ཆེན་པོ་ལ།
54a2 ཟིན་ལས་རྣམ་བཞག་དོད་ནས་རྫོགས།། འགྲོ་བ་མུ་སྟེགས་རིམ་དགུ་རྫོགས།། ལམ་ལྔ་ཕ་རོལ་ཕྱིན་བཅུ་རྫོགས།། འཁོར་འདས་བྱང་ཆུབ་སེམས་སུ་རྫོགས།། སྣང་སྲིད་ཐིག་ལེ་གཅིག་ཏུ་རྫོགས།། དྲན་པ་གཞི་བཞེངས་ཡོངས
54a3 རྫོགས།། རྒྱུ་ཆུང་གྱིག་ས་ལྟ་མེད་པའོ།། ནམ་ཁཻའད་མཉམ་པ་སྲོག་མེང་པའི་རྒྱུད་ལས། ནམ་མཁའ་མཛད་ཀྱི་ཕྲེང་དྷག་པ་རྡ།། དེ་ནས་བཅོམ་ལྡན་བཀུར་སུ་བྱ་བ། ར་། བདེ་མནུ་བ་ལ།། བསྒོམ
54a4 ཡོད་བསྒོམ་མེད་གཉིས་སུ་མེད།། ཚིག་ཙམ་དོན་དམ་བདེ་ཆེན་དང་།། མ་བཅོས་མ་ཡངས་དང་སར་གྲོལ།། དྲན་པ་རང་གྲོལ་བདེ་ཆེན་ཀློང་།། སོམ་ལྷག་པ་གྱིན་འདའ་ཙམ།། མིང་ཙམ་བསྒོམ་ཞེས་དེ་ལ་བྱ།། དྲན་རིག་ཤེས་པ་མ
54a5 འགགས་ལ།། འཛིན་རིག་ཡུལ་ལས་རྣམ་པར་གྲོལ།། མ་བྱུང་མ་སྐྱེས་གཡོས་པ་མེད།། སྤྲོས་བྲལ་བསམ་འདས་བརྗོད་མེད་རྫོང་།། མཉམ་ཉིད་རྣམ་དག་བརྡལ་བའི་ཀློང་།། མཁའ་འདྲ་ཡེ་ཤེས་ལྷུན་གྱིས་གྲུབ།། མ་བཙལ
54a6 རང་བཞག་རྟོག་པ་མེད།། ལྷན་གྲུབ་རྟོག་པས་བྱ་བཙལ་བྲལ།། ཡེ་ནས་རང་བྱུང་ཡེ་ཤེས་ལ།། འཁྲུལ་དང་མ་འཁྲུལ་རྟོག་ལས་འདས།། རྟོག་འདས་དོན་གྱི་ཡེ་ཤེས་ལ།། བསྒོམ་བྱ་ཆོས་ཉིད་གུད་ན་མེད།། བསྒོམ་པ་མིང་དུ
54a7 བཏགས་པས་ནོར།། ཅི་སྟེ་སྤོ་བསམ་བརྗོད་ལས་འདས།། རྣམ་རྟོག་གཉེན་པོར་མི་རྟོག་བསྒོམ།། རེ་ཀ་རྟོག་པ་ཆེན་པོ་ཡིན།། མཐོང་ཚོར་དེ་ཉིད་ཀློང་དུ་ཤད།། ཡིད་ལ་མི་བྱེད་བདེ་བ་ཆེ།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི




iiif viewer powered by OpenSeadragon

53b - 54b

Texts on this page

Gdg006.12 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa'i yi ge med pa'i rgyud