| | e-texts navigator
|
53b1 དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་ཉིད་རྣམ་པར་དག་པ་ལ།། མ་རིག་འཁྲུལ་པའི་གྲིབ་མས་བསྒྲིབས།། བསྒྲིབས་ཀྱང་ཆོས་ཉིད་སྤོས་དང་བྲལ།། ཁྱབ་གདལ་དོན་འདི་སུས་རྟོགས་པ།། རྒྱལ་སྲས་བཞིན་དུ་དབུལ་བ་སརས།
53b2 འདུ་འབྲལ་གཉིས་མེད་ཀུན་ཏུ་བཟང་།། མཚན་མམ་སྤངས་རང་སར་གྲོལ།། འཁོར་བ་མ་བཀག་གནས་སུ་དག། འཁྲུལ་པམ་པས་ལ་རྩུང་ནས་ཆོད།། དུག་ལྔ་མ་བསྒྱུར་ཆོས་ཉིད་གྲོང་།། རྩོལ་བསྲུབ་མེད་པར་ཡེ་སངས
53b3 རྒྱས།། ཡིན་པའི་དོན་ལ་ཡིན་པར་ཤེས།། དཔེར་ན་གསེར་ལ་གསེར་མཐོང་བཞིན།། ཡིད་ཀྱི་རྣམ་རྟོག་ཟད་པའོ།། ནམ་མཁའ་ཆེན་པོའི་ཀློང་ཆེན་བཞིན།། ཁྱབ་གདལ་མི་འགྱུར་ཀུན་རྫོགས་གྲོལ།། ཉི་མ་སྤྲིན་མེད་སྙིང
53b4 པོ་བཞིན།། དུས་གསུམ་སྒྲིབ་མེད་དེ་བཞིན་ཉིད།། བརྒྱ་བྱིན་གཙུག་གི་ནོར་བུ་བཞིན།། འདོད་དགུ་འབྱུང་པ་འགྲན་ཟླ་མེད།། མ་གི་ཏ་ཡི་སྨན་བཞིན་དུ།། གང་ལ་རེག་པ་སྨན་དུ་འགྱུར།། དགྲ་བཙེམ་རྒྱལ་སྲས་མི་ལུས་མཆོག
53b5 རྟོགས་ན་ཁྱད་པར་ཡོད་པའོ།། རྟོགས་པའི་ཐབས་སུ་ཐམས་ཅད་ཤྭར།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། རྟོགས་ལྡན་མཆོག་གི་ལེའུ་ལྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། ཆོས་ཉིད་རང་བཞིན
53b6 འོད་གསལ་བ།། སྒོ་སྐུར་ལྟ་བ་ཀུན་དང་བྲལ།། ཐམས་ཅད་གཅིག་གི་རང་བཞིན་ལ།། སྤང་འགྲེགས་བྱིན་པས་བསླད་པ་མེད།། དབྱེར་མེད་ཡེ་ཤེས་ལྔ་ལྡན་ལ།། སྦྱང་བགྲོད་གཉིས་བལྟ་རང་སར་གྲོལ།། སྐྱེ་འགག་གཉིས་སུ་མེད་པ་ལ
53b7 བསྒྱུར་དང་སྤྱོད་ལྔ་རྣམ་པར་དག། དག་པའི་ཀློང་ན་བསྲུང་མཚམས་མེད།། མཉམ་པས་རིམ་པར་བཀོད་པ་མེད།། རྟོགས་པས་བལྟ་བའི་ཡུལ་ལས་འདས།། གསལ་བས་བསམ་གཏན་སྤོས་དང་བྲལ།། ཡུལ་ལས་འདས་པ
iiif viewer powered by OpenSeadragon
53a - 54a