| | e-texts navigator
|
52b1 མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། གླེང་གཞི་རི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་བཀའ་སྩལ་པ།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་ཙམ་ཉིད་ནཱང་པོས་སྐྱོང་།། དེ་ཉིད་ཀྱེ་མེད་སྙིང་པོ་ཡིན།། གདོད་ནས་མ་སྐྱེས
52b2 ཚིག་ལས་འདས།། སྤོས་བྲལ་བརྗོད་མེད་ཁོ་ན་ཉིད།། མཐའ་བྲལ་གཉིས་མེད་དོན་དམ་ཀློང་།། དགག་བྱ་བ་སྒྲུབ་བྱ་རྣམ་པར་དག། མ་སྐྱེས་རྡོ་རྗེ་གཉིས་མེད་དང་།། ཡིད་ལ་མི་བྱེད་བྱ་བཙལ་བྲལ།། མ་བཅོས་སྤྲོས་མེད་ཆོས་ཉིད་དབྱངས།།
52b3 མཐའ་བྲལ་མི་དམིགས་རང་བཞིན་དག། བགྲོད་མེད་ལྷུན་གྲུབ་ཡངས་པ་ཆེ།། ཀུན་གྲོལ་ཉག་གཅིག་བདེ་བ་ཆེ།། དམིགས་མེད་ཡེ་ཤེས་རང་སྣང་དང་།། བརྡལ་ཁྱབ་མཁའ་གསལ་དག་པའི་ཆོས།། སྤྲོས་མེད་བྱང་ཆུབ་སྙིང་པོའི་རྫོང་།། བསམ
52b4 འདས་བརྗོད་མེད་རང་སར་གྲོལ།། མི་འགྱུར་མཉམ་ཉིད་དོཔ་དང་ཐལ།། དཔེ་བྲལ་ཡེ་ཤེས་མཚོན་བུ་མེད།། གཉིས་མེད་རྫོགས་པས་མཐའ་བྲལ་རྗོ་དཱ།། མི་སྐྱེ་མི་འགག་ཅིར་མི་དགོངས།། འགག་མེད་ཨཱ་ལི་ཀཱ་ལིར་རོལ།། དགག
52b5 བསྒྲུབ་མེད་པའི་ཡེ་ཤེས་ནི།། རྒྱུ་ཡིས་མ་བསྐྱེད་རྐྱེན་དང་བྲལ།། སྟོང་གསལ་དབྱེར་མེད་ཡེ་ཤེས་ཅན།། ནམ་མཁའ་དང་མཉམ་པ་ཡི་གེ་མེད་པའི་རྒྱུད་ལས། སྐྱེ་མེད་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ
52b6 ལྷན་བཀའ་སྩལ་པ།། རྣམ་པར་མི་རྟོག་སྙིང་པོ་འདི།། ཡོངས་ཀྱི་རྒྱུད་ལ་སྦས་པ་མེད།། དོན་དམ་ཆོས་ཉིད་སྙིང་པོ་འདི།། ཀུན་ལ་ཏི་ལ་མང་བཞིན་དུ་ཁྱབ།། ཟ་མ་ཏོག་གི་ནོར་བུ་བཞིན།། སྦྱིན་གྱིས་གྲུབ་ཅིང་ཚང་བའོ།། མི་འགྱུར་ཀུན
52b7 རྫོགས་ནམ་མཁའ་ཆེ།། ཁྱ་བ་གང་ལ་འུབ་ཆུབ་ཐིག་ལེ་གཅིག། བརྗོད་ཐལ་རང་ཐོལ་གནས་སུ་དག། རྒྱལ་བ་རྣམས་ཀྱི་ཐུགས་དང་ནི།། སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡང་།། སྙིང་པོ་ཡེ་ཤེས་ཡོངས་ལ་ཁྱབ།། མ་ལུས་ཡེ་ཤེས་ཆེན་པོར
iiif viewer powered by OpenSeadragon
52a - 53a