| | e-texts navigator
|
49b1 མར་མེ་ལེན་བདག་མེད་ཅིང་།། སེམས་ཀྱིས་གང་ཡང་མི་སྤང་དར་བ་མེད།། བེ་གཡོ་མི་བསྐྱོད་མི་ལེན་མི་འདོར་བས།། འདི་ཞེས་བརྗོད་མེད་ཚིག་བྲལ་མཉམ་ཉིན་དོ།། ཞེས་བསྟན། བསྒོམ་དུ་མེད་པ་བསྟན་པ་ནི།། སྲིད་པ་འབྱུང་བ་སྣང་བ་ཡོད
49b2 པའི་ཆོས།། ཆོས་ཉིད་བྱང་ཆུབ་སེམས་ལ་སྣང་བ་མེད།། མ་བཙལ་རང་བཞིན་བཞག་པས་བསྒོམ་པའི་མཆོག། བཙལ་མེད་ཆོས་ལ་ཡོད་པར་རྣམ་བཙལ་ན།། ནམ་མཁའ་དག་ལ་ཁང་པ་ཕུབ་པ་འདྲ།། མེད་པར་ཡོད་པའི་འབྲས་བུ་ཡོངས
49b3 མི་འབྱུང་།། ཞེས་བསྟན། རོལ་པ་རདུ་ལས་འབྱུང་བར་བསྟན་པ་ནི།། རྒྱུ་མེད་རང་བྱུང་སེམས་ནི་ངོ་མཚར་ཆེ།། དེ་ལས་རྐྱེན་མེད་ཡེ་ཤེས་རྨད་བྱུང་འདི།། བཀག་པ་མེས་པར་སྤྱོད་པས་རོལ་པ་འདི།། བྱུར་མེད་རྩོལ་བསྒྲུབ་མི་མངའ
49b4 ནམ་མཁའ་བཞིན།། དངོས་པོ་ཅིར་ཡང་མི་དམིགས་གཏི་མུག་ལས།། ཐོགས་མེད་རྨད་དུ་བྱུང་བ་དེ་མ་ཐག། རྒྱུ་མེད་རང་བྱུང་ཡེ་ཤེས་རོལ་པ་འབྱུང་།། ཞེས་བྱང་ཆུབ་སེམས་ཀྱི་མདོ་ཡི་འགྲེལ་པ་ལས། ཡོངས་སུ་རྫོགས་པའི་དོན་གྱི
49b5 འགྲེལ་པ་བཅུ་པ་རྫོགས་སོ།། །། དེ་ནས་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ལ་ཆོས་ཐམས་ཅད་ཚིག་དང་ཡི་གེས་གཏན་ལ་དབབ་ཏུ་མེད་པ་དེ། ཚིག་དང་ཡི་གེས་འབྲེལ་པའི་སྒོ་ནས། གང་ཟག་གི་བློ་ཡིས
49b6 རྟོགས་པར་བྱ་བའི་ཕྱིར། དོན་གྱི་འགྲེལ་པ་ལྔ་པོ་འདི་གསུངས་སོ།། ཀྱེ་འདུས་པའི་ཚོགས་ཆེན་དེ་ཉོན་ཅིག། སྔ་རབས་འདས་པའི་སངས་རྒྱས་ཀྱང་།། དོན་གྱི་འབྲེལ་པ་ལྔ་པོ་འདི།། རྟོགས་ནས་སྐྱེ་མེད་ས་ལ་གཤེགས།། ད་ལྟར
49b7 བཞུགས་པའི་རྣལ་འབྱོར་ཡང་།། དོན་གྱི་འགྲེལ་པ་ལྔ་པོ་འདིས།། ང་ཡི་ལུང་ཆེན་དོན་རྟོགས་ནས།། དགོངས་པ་འདི་ཡིས་གནས་པར་བྱེད།། སླད་ནས་བྱོན་པའི་གདུང་འཚོ་བ་རྣམས།། དོན་གྱི་འགྲོལ་པ་ལྔ་པོ་འདི།། གཏན་ལ
iiif viewer powered by OpenSeadragon
49a - 50a