e-texts navigator
Collection
Volume
Page
Wylie

48a1 སེམས་ལ་མཚོན་དུ་མེད།། དེས་ན་གདགས་སུ་མེད་ཅེས་བྷ།། དོན་བསྡུས་པ་ཡི་གཏན་ཚེགས་སོ།། ། དེ་ནས་སེམས་དཔའ་ཆེན་པོ་ངས། འདུས་པའི་ཚོགས་ཆེན་ལ་ཆོས་ཐམས་ཅད་ཆོག་དཀུར་འདུས་ལྔ། ཆོག་དགུ
48a2 བྱང་ཆུབ་ཀྱི་སེམས་གཅིག་ལ་སྨྲས་པ། བྱང་ཆུབ་སེམས་ནི་སེམས་དཔའ་ང་ཉིད་ཡིན་པར་སྤྲས་པ་འདི་གསུངས་སོ།། ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག། ཚིག་དགུ་བྱང་ཆུབ་སེམས་བཅུ་ནི།། ཚིག་དགུ་སྦས་པ་སེམས་ཀྱིས་སྨྲས
48a3 སེམས་དེ་བསྟན་ཕྱིར་ཚིག་དགུ་བྱུང་།། ང་ནི་སེམས་ཀྱི་ཆོས་ཉིད་དེ།། སེམས་ཉིད་ཡེ་ནས་འདུས་མ་བྱས།། ང་ནི་སེམས་དཔའ་རྡོ་རྗེ་ཞེས།། ཀུན་བཟུང་བྱང་ཆུབ་སེམས་ཀྱིས་བཏགས།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ།། རང་བྱུང་ཡེ་ཤེས་རྒྱུ་མེད
48a4 པས།། རང་བྱུང་ཡེ་ཤེས་གཉེན་པོ་མེད།། བཙལ་དུ་མེད་པའི་བྱང་ཆུབ་སེམས།། སྦྱར་དུ་མེད་པའི་བྱང་ཆུབ་སེམས།། བསམ་དུ་མེད་པའི་བྱང་ཆུབ་སེམས།། དངོས་པོ་བྲལ་བའི་བྱང་ཆུབ་སེམས།། བསྟན་དུ་མེད་པའི་བྱང་ཆུབ་སེམས།། སྤོས
48a5 པ་མེད་པའི་བྱང་ཆུབ་སེམས།། བརྟག་ཏུ་མེད་པའི་བྱང་ཆུབ་སེམས།། བློ་སྐུར་བྲལ་བའི་བྱང་ཆུབ་སེམས།། ཀུན་ལས་འདས་པའི་སེམས་ཉིད་འདིར།། ཆོས་ཀུན་ཡེ་ནས་འདུས་ཤིང་གནས།། སེམས་ཉིད་ནམ་མཁའ་ལྟ་བུར་གནས།། ནམ་མཁའ
48a6 ཅི་ལའང་མི་གནས་བཞིན།། སེམས་ཉིད་ཅི་ལའང་གནས་པ་མེད།། སེམས་དཔང་ཆེན་པོ་ང་ཡིས་ནི།། ང་ཡི་རང་བཞིན་བསྟན་པ་དགུ།། ཁྱེད་ལ་ཚིག་དགུ་བསྟན་པ་འདིས།། ང་ཡི་རང་བཞིན་ཤེས་པར་གྱིས།། ང་ཡི་རང་བཞིན་འདི་ཤེས་ན།།
48a7 ཁྱེད་ཀྱང་ང་ཡི་རང་བཞིན་ཡིན།། ང་ཡི་ཆོས་རྣམས་ཐམས་ཅད་ཀྱང་།། སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར།། སྒོ་སྐུར་ཀུན་དང་དབྲལ་ལོ།། ཞེས་ཡོངས་སུ་རྫོགས་པའི་མདོའོ།། ། དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་དེས། འདུས་པའི་ཚོགས




iiif viewer powered by OpenSeadragon

47b - 48b

Texts on this page

Gdg006.10 - yongs su rdzogs pa'i mdo dang 'grel pa