e-texts navigator
Collection
Volume
Page
Wylie

46a1 སྒྲིབ་པ།། སེམས་དཔའ་ཆེན་པོའི་རྣལ་འབྱོར་ལ།། གོལ་སྒྲིབ་བརྒྱ་ཚན་གསུམ་གསུམ་སྟེ།། དེ་ཡང་རང་བཞིན་གྲོལ་སྒྲིབ་བོ།། གཉིས་ཀ་སྤྱོད་པ་ལེསྭ་པ་ཡ།། སྒྲིབ་པ་བཅུ་ཚན་པ་ཞིས་བསྒྲི་ཟླབས།། གོལ་ས་བཅུ་ཚན་གཉིས་སུ
46a2 བསྟན།། དེ་ཡང་རང་བཞིན་བཅཝ་ལས་བསྟན།། བྱ་བ་དག་གི་པྲི་ཡཱལ།། སྒྲིབ་པ་བརྡ་ཚན་ལྔས་བསྒྲིབས་ལ།། གོལ་ས་བརྒྱ་ཚན་གཅིག་གིས་བསྣུན།། དེས་ན་སུམ་བརྒྱ་དྲུག་རྔུར་བཤད།། ཐེག་པ་རྣམ་པ་དྲུག་པ་ཡིས།། རང་གི་རང་བཞིན་མ་ཤེས་ན
46a3 གོལ་སྒྲིབ་གོང་དུ་བསྟན་པ་འབྱུང་།། རྣལ་འབྱོར་རྣམ་པ་བཞི་པོ་ལྔ།། གོལ་སྒྲི་བཉིས་པ་རྒྱ་བཞི་བཅུ་བྱུང་།། གོལ་སྒོ་བགྲངས་དེ་འབྱུང་བ་ནི།། ཡཱ་ན་རྣམ་པ་བདུན་པོ་ལྔ།། ལྟ་བ་རེ་དང་དམ་ཚིག་རེ།། ཟིན་པས་རེ་དང་ཡེ་ཤེས་རེ།། ས་རེ་ལམ
46a4 རེ་ཕྲ་བ་རེ།། རྒྱུད་རེ་ལུང་རློ་མན་ངག་རེ།། ཡཱ་ནི་རེ་ལ་ཡོད་པའི་ཕྱིར།། དྲིས་ན་གོལ་སྒྲིབ་གྲངས་སུ་འབྱུང་།། འདི་རུ་མདོ་ཙམ་བསྟན་པ་ཡིན།། གོལ་སྒྲིབ་བསྟན་པའི་མདོ་ཡིས་བསྟན།། འཕྲལ་པ་རྒྱུད་ཀྱི་རང་བཞིན་ནི།། རྣམ་པ་བཅུ་རུ
46a5 ཤེས་པར་བྱ།། སྣང་བ་དང་ནི་སྲིད་པར་འབྲལ།། སྣོང་དང་བཟུང་དུ་ཡེ་ནས་འཐོབ།། འཁོར་བ་མྱང་འདས་པ་ནས་འབྲེལ།། རྒྱུ་དང་འབྲས་བུ་ཡི་ནས་འབྲེལ།། ཡུལ་དང་དབང་པོ་ལ་ནས་འབྲལ།། ཐབས་དང་ཤེས་རབ་ཡེནས་འབྲེལ།། དབྱིངས
46a6 དང་ཡེ་ཤེས་ཡེ་ནས་འབྲེལ།། དོན་དམ་ཀུན་རྫོབ་ཡེ་ནས་འབྲེལ།། སེམས་དང་ཆོས་སུ་ཡེ་ནས་འབྲེལ།། དེས་ན་སངས་རྒྱས་སེམས་ཅན་འབྲལ།། རྒྱུད་ཀྱི་རང་བཞིན་འབྲེལ་པར་བཤད།། དེ་ཡང་ཅི་ལྟ་བུ་ཞེ་ན།། ཇི་ལྟར་སྣང་བའི་ཆོས་རྣམས་ནི།།
46a7 སྲིང་བསྣང་བར་འབྱུང་བའི་ཕྱིར།། འབྲེལ་པོ་ཞེས་སུ་བཤད་བ་མེན། སྣོད་ན་ཡེ་ནས་བཅུ་གནས་ཏེ།། སྣོད་ཅེས་བྱ་བ་བཅུད་ཀྱི་སྣོད།། དེས་ན་སྣང་བ་རྒྱང་ཡེ་ནས་འབྲེལ།། རླུང་དྲུག་འཁོར་བའི་སེམས་ཅན་རྣམས།། ཡེ་ནས་མྱ་ངན་འ




iiif viewer powered by OpenSeadragon

45b - 46b

Texts on this page

Gdg006.10 - yongs su rdzogs pa'i mdo dang 'grel pa