e-texts navigator
Collection
Volume
Page
Wylie

45a1 ཡན།། སྤོས་མེད་དབྱིངས་ཀྱི་ཐིག་ལྡན།། ཐམས་ཅང་སྲུང་བའི་བྱང་ཆུབ་སེམས།། འབྱེད་པར་བྱེད་པའི་ཐིག་ལེར་སྡུད།། བྱང་ཆུབ་སེམས་ཀྱི་རྒྱ་བ་ཡིན།། དབྱིངས་ཉིད་དམ་དག་ཐིག་ས་ནི།། གཟུང་བྱོན་དྲག་པའི་བྱང་ཆུབ་ཐཱན།
45a2 སཔ་མེད་པའི་ཐིག་ལེར་སྲུང་།། བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན།། ཡེ་ཤེས་ཆེན་པོའི་ཐེག་ལེ་ནི།། མ་བསྒྲིབས་པ་ཡི་བྱང་ཆུབ་སེམ་ས།། འགག་པ་མེད་པའི་ཐིག་ལེར་སྡུད་།། བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན།། སྤྲོས་མེད་ཀུན་བཟང་ཐིག
45a3 ལེ་ནི།། བླང་དོར་མེད་པའི་བྱང་ཆུབ་སེམས།། མཉམ་པ་ཆེན་པོའི་ཐིག་ལེར་སྡུད།། བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན།། སྤྲོས་མེད་ལྷུན་གནས་ཐིག་ལེ་ནི།། རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས།། མ་གཡོས་པ་ཡི་ཐིག་ལེར་ལྡར།།
45a4 བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན།། ཐིག་ལེ་ཐིག་ལེ་ཞེས་བྱ་བ།། སྤྲོས་པ་མེད་པའི་དོན་ཡིན་ཏེ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནོ།། འགྱུར་བ་མེད་པའི་ཕྱག་ཆ་ནི།། རང་བྱུང་ཡེ་ཤེས་སྤྱོད་མེད་པས།། བཅུ་གཉིས་ལྔ་རུ་ཤེས་པར་བྱ།། ཡེ
45a5 ཤེས་དོན་གྱི་བྱེ་བྲག་ཡིན།། གཏན་ལ་འབེབས་པའི་མདོ་ཡིས་བསྟན།། བགོད་ལམ་ནོར་བའི་གོལ་ས་དང་།། མ་ཤེས་པ་ཡི་ཝིབཱ་པྲཱ་དང་།། རང་བཞིན་འདི་བཅུ་མ་ཤེས་པས།། གོ་ལ་མ་དང་ནི་སླེབ་པར་འགྱུར།། རང་བཞིན་བཏུ་ནི་འདི
45a6 ལྟ་སྟེ།། བལྟ་བ་དང་ནི་དམ་ཚིག་དང་།། ཕྲིན་ལས་དང་ནི་ཡེ་ཤེས་དང་།། ས་དང་ལམ་གྱི་རིམ་པ་དང་།། ཕྲ་བ་ཆོས་ཉིད་རང་བཞིན་དང་།། འབྲེལ་པ་ཆུད་ཀྱི་རང་བཞིན་དང་།། ཐོག་ཏུ་འབེབས་པའི་ལུང་ཆེན་དང་།། ལ་ཟློ་བ་ཡི་མན་ངག་གོ།།
45a7 ངེས་བཐོབ་པའི་ཐེག་པདྲུག།། སེམས་ཉིད་རྟོག་པ་ཆེན་པོ་ལ།། རང་བཞིན་འདི་བཅུས་ཁྱད་པའི་ཕྱིར།། རང་བཞིན་འདི་བཅུ་ཤེས་པར་བྱ།། དེ་ཡང་གང་དང་གང་ཞེ་ན།། བལྟ་བ་བདུན་དང་དམ་ཚིག་བདུན།། ཕྲིན་ལས་བདུན་དང་ཡེ་ཤེས་བདུན།། ས་འདུན་དང་ནི་བགྲོད




iiif viewer powered by OpenSeadragon

44b - 45b

Texts on this page

Gdg006.10 - yongs su rdzogs pa'i mdo dang 'grel pa