| | e-texts navigator
|
44b1 ལ་འབེབས།། བརྒྱད་པ་ཇི་མ་ད་ལ་དོན་བརྒྱད་སྟེ།། ངེས་པར་སྟོན་པའི་མདོ་དག་ལས།། ངེས་པ་དག་ནི་རྣམ་བརྒྱད་ཀྱིས།། མེད་པ་བརྒྱད་དང་ངེས་པ་ལ།། མ་ངེས་རྣམ་པ་གསུམ་དང་བརྒྱད།། བརྒྱད་པ་གཉིས་ཀྱི་རྣམ་པ་བསྟན།། དགུ་པའི་མདག་དན
44b2 དགུ་སྟེ།། ཐེག་པ་ཡས་འབུབས་མདོ་དག་ལས།། བདེན་པ་དགུ་ཡི་ཚིག་དགུ་ནི།། ཡས་འཐམས་ཐེག་པ་དགུ་རུ་བསྟན།། བཅུ་པའི་མདོལ་དོན་བཅུ་སྟེ།། ཡོངས་སུ་རྫོགས་པའི་མདོ་དག་ལས།། ལུང་དགུ་མན་འག་བསྡུས་དང་བཅུའོ།། དེ་ལ་མདོ་དཀུ་སེམས་དང
44b3 བཅུད།། སེམས་དཔའ་ང་ཡིས་བཤད་པ་ཡིན།། ལུས་དགུ་མན་ངག་བསྡུས་དང་བཅུ།། དེ་དོན་གང་དང་གང་ཞེ་ན།། རྩ་བ་བཞི་ཡི་རྩིས་འགོ་དང་།། སྡུད་པར་བྱེད་པའི་ཐིག་ལེ་དང་།། འགྱུར་བ་མེད་པའི་ཕྱག་རྒྱ་དང་།། བགྲོད་ལམ་ནོར་པའི་གོལ་ས་དང་།། མ་ཤེས་པ
44b4 ཡི་སྒྲིབ་པ་དང་།། འབྲེལ་པ་རྒྱུད་ཏུ་བསྟན་པ་དང་།། གཏན་ལ་འབེབས་པའི་ལུང་ཆེན་དང་།། ལ་བཟླང་བ་ཡི་མན་ངག་དང་།། ངེས་པ་དག་གིས་ཡིན་པ་དང་།། དོན་བསྡུས་པ་ཡི་གཏན་ཚིགས་བཅུའོ།། དེ་ཡང་གང་དང་གང་ཞེ་ན།། རྩ་བ་བཞི་ཡི་རྩིས་འགོ་ནི།། །
44b5 བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། སྟོན་པ་རྡོ་རྗེ་ཡིན་ཏེ།། སྟོན་པ་རྡོ་རྗེ་སེམས་དཔའ་ལ།། མིང་དང་དོན་དང་དཔེ་དང་ནི།། རང་བཞིན་དག་གི་ཆེ་བ་བསྟན།། དེ་ཡང་ཇི་ལྟ་བུ་ཞེ་ན།། མིང་ནི་རྡོ་རྗེ་སེམས་དཔའ་ལ།། དོན་གྱི་རང་བཞིན་སྐྱེ་བ་མེད། དཔེ
44b6 ནི་ནམ་མཁའ་ལྟ་བུ་སྟེ།། ཆེ་བ་ལྔ་ནི་ཁྱད་པར་འཕགས།། དེས་ན་རྩ་བ་བཞི་ཞེས་བྱ།། སྡུད་པར་བྱེད་པའི་ཐིག་ལེ་ནི།། བྱང་ཆུབ་སེམས་ཀྱི་ངོ་བོ་ནི།། སྤྲོས་པ་མེད་པའི་རང་བཞིན་གྱིས།། སྡུད་པར་བྱེད་པའི་ཐིག་ལེ་སྟེ།། སྤོས་མོད་ཐིག་པ་ཆེན་པོ
44b7 དྲུག། ཆེ་བའི་ཡོན་ཏན་རྣམ་གྲངས་ཏེ།། ཆོས་ཉིད་བྱང་ཆུབ་སེམས་ལ་བགྲང་།། དེ་ཡང་དེ་ལྟར་སྡུད་ཅེ་ན།། སྤོས་མེད་ཆོས་ཉིད་ཐིག་ལེ་ནི།། མ་བཅོམ་པ་ཡི་བྱང་ཆུབ་སེམས།། རང་བཞིན་གནས་པའི་ཐིག་ལེར་བཤད།། བྱང་ཆུབ་སེམས་ཀྱི་ཆེ་བ
iiif viewer powered by OpenSeadragon
44a - 45a