| | e-texts navigator
|
43b1 སུ་འདུས།། སེམས་ལ་གཅིག་ལས་ཡོད་མ་ཡིན།། སེམས་གཅིག་ཀུན་ཏུ་ཁྱབ་པའི་ཕྱིར།། སངས་རྒྱས་ཡེ་ཤེས་ཐུགས་ཀྱང་སེམས།། སེམས་ཅན་བག་ཆགས་ཡིད་ཀྱང་སེམས།། སངས་རྒྱས་ཉིད་ལ་མི་རྟོག་རྒྱས།། སེམས་ཅན་རང་རྟོག་པག་ཆགས
43b2 བསྒྲིབ།། རང་བྱུང་སེམས་དེ་མི་གཉིས་གཅིག། གཅིག་ཕྱིར་དུས་གསུམ་སངས་རྒྱས་དང་།། འདུས་ཚོགས་ཁྱེད་སེམས་དབྱེར་མེད་པས།། སེམས་ཉིད་རྫོགས་པ་ཆེན་པོ་ནི།། ཡོངས་སུ་རྫོགས་པའི་མདོ་ཞེས་བྱ།། ཀྱེ་འདུས་པའི་ཚོགས
43b3 ཆེན་དེ་ཉོན་ཅིག། ཅི་ལྟར་སྣང་བའི་ཆོས་རྣམས་ལ།། ཡོངས་སུ་རྫོགས་པའི་མདོ་འདི་ལ།། དོན་གྱི་རྣམ་པ་གཉིས་རྫོགས་ཏེ།། འཇིག་རྟེན་ཡོངས་སུ་རྫོགས་པ་དང་།། འདས་པ་ཡོངས་སུ་རྫོགས་པའོ།། འཇིག་རྟེན་ཡོངས་སུ་རྫོགས་པ
43b4 ནི།། སྲིད་གསུམ་འཁོར་བའི་སེམས་ཅན་རྣམས།། བརྐམ་ཆགས་ལྔ་ཡིས་ལམ་སྦྱོར་ཞིང་།། ཁམས་གསུམ་འཁོར་བའི་ཆོ་ག་བསྐྱེད་དེ།། བདེ་བའི་དོན་མེད་རྒྱུད་ལྔར་འཁོར།། ཀྱེ་འདུས་པའི་ཚོགས་ཆེན་དེ་ཉོན་ཅིག། འདས་པ་ཡོངས་སུ་རྫོགས་པ་ནི།། མན་ངག་བཅུ་ཚན
43b5 གསུམ་བསྟན་ཏེ།། མདོ་དགུ་སེམས་ཉིད་རྫོགས་དང་བཅུ།། ལུང་དགུ་མན་ངག་བསྡུས་དང་བཅུ།། ཚིག་དབུ་བྱང་ཆུབ་སེམས་དང་བཅུ།། དེ་ཡང་མདོ་དགུ་གང་ཞེ་ན།། གཅིག་གི་མདོ་དང་གཉིས་ཀྱི་མདོ།། གསུམ་གྱི་མདོ་དང་བཞི་ཡི
43b6 མདོ།། ལྔ་ཡི་མདོ་དང་དྲུག་གི་མདོ།། བདུན་གྱི་མདོ་དང་བརྒྱད་ཀྱི་མདོ།། དགུ་ཡི་མདོ་དང་བཅུ་ཡི་མདོ།། ཐམས་ཅད་རྫོགས་པར་བསྟན་པ་ནི།། གཅིག་དང་གཉིས་དང་བཅུ་བར་དུ།། གྲངས་ལ་མཐུན་པའི་གྲངས་ཀྱིས་བསྟན།། དེ་ཡང
43b7 ལྷར་བསྟན་ཞེ་ན།། གཅིག་ལ་གཅིག་བསྟན་གཉིས་ལ་གཉིས།། གསུམ་ལ་གསུམ་བསྟན་བཞི་ལ་བཞི།། ལྔ་ལ་ལྔ་བསྟན་དྲུག་ལ་དྲུག། བདུན་ལ་བདུན་བསྟན་བརྒྱད་ལ་བརྒྱད།། དབུལ་དབུ་བསྟན་བཅུ་ལ་བཅུ།། ལྔ་བཅུ་རྩ་ལྡང
iiif viewer powered by OpenSeadragon
43a - 44a