| | e-texts navigator
|
40b1 སེམས་སྨན་ཀྱིས་སྲབ་དཔན་སྨན་པ་མ།། རང་སེམས་སངས་ནུས་མཏོགས་གཞན་རྐྱོ་།། ཞས་བསྟན། ལ་ཤས་མངས་བརྟན་དྷན།། ད་ལྟ་ས་པ་མདུན་ཀྱིལ་ཤེས་པན།། སྦོམ་བདབ་ཅབ་ནས་ལ་ཤེས་འདང།། སྣང་བ་མ་དས་པ་དཱདན
40b2 ཡེ་ཤེས་དང་།། ཆབ་ནས་འབྱུང་བའི་ཡེ་ཤེས་གྲངས་བྱུང་བས།། དེ་ཡང་ཡེ་ཤེས་རྣམ་པའི་སྐྱོན་ཡིན་པས།། རང་བྱུང་ཡེ་ཤེས་དེ་ལ་བརྟེན་མི་བྱ།། ཞེས་བྱའོ།། ངེས་པར་བསྟན་པའི་མདོ་ལས། མན་ངག་རྣམ་པ་བརྒྱད་བསྟན་པ་དང་། ངེས་པ་དོན་གྱི
40b3 འགྲེལ་པའོ།། །། དེ་ནས་སེམས་དཔའ་ཆེན་པོ་དུས། འདུས་པའི་འཁོར་ཚོགས་དེ་རྣམས་ལ། ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་བྱིན་བརླབ་ལས་བྱུང་བའི་ཕྱིར། ཐེག་པ་ལས་འབུབས་ཐེག་པ་དགུའི་མདོ་འདི་གསུངས་སོ།། ཀྱེ་འདུས་པའི
40b4 ཚོགས་ཆེན་ད་ཉོན་ཅིག། ཆོས་ཉིད་རང་བཞིན་སེམས་ཉིད་དེ།། སེམས་ཉིད་རང་བཞིན་རྫོགས་པ་ཆེ།། རྫོགས་ཆེན་ཆོས་ཉིད་སྐྱེ་མེད་ལས།། སྐྱེ་བའི་ཆོས་ཕུལ་འབྱུང་བའི་ཕྱིར།། ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྲ།། སུམ་བརྒྱད་དགུ་ཕྲག་རྣམ་སྤྲུལ་པ།། ཚིས
40b5 དང་ཡི་གེ་དགུར་གྲགས་ཏེ།། ཐེག་པ་རྣམ་པ་དགུ་རུ་བསྟན།། དེ་ཡང་གང་དང་གང་ཞེ་ན།། ཉན་ཐོས་རང་རྒྱལ་ཐེག་ཆེན་གསུམ།། སྤྲུལ་པའི་སྐུ་ཡི་གསུང་དུ་བསྟན།། གྲི་ཡ་ཡོག་གྱི་ས་གསུམ།། ལོངས་སྤྱོད་རྫོགས་སྐུའི་བསྟན་པར་གྲགས།།
40b6 བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ།། ཆོས་ཀྱི་སྒྲ་ཡི་གསུང་དུ་བསྟན།། སྒྲ་གསུམ་ཡཱ་ན་རྣམ་པ་དགུ།། རྫོགས་པ་ཆེན་པོས་བྱིན་གྱིས་རློབས།། དེ་ཡང་ཇི་ལྟ་བུ་ཞེ་ན། སེམས་ཉིད་སྐུ་གསུང་ཐུགས་འདི་ལས།། སྐུ་གཅིག་སྐུ་གསུང་ཐུགས
40b7 སྟོན་ཏེ།། དེ་ཡང་ཇི་ལྟ་བུ་ཞེ་ན།། སྤྲུལ་པ་སྤུ་ཡི་རང་བཞིན་ནི།། བདེན་པ་བཞི་ཡི་ཆོས་ཉིད་ལ།། དབུ་ཟླས་ཞབས་རྗེན་བརྟུལ་ཞུགས་ཀྱིས།། འདུལ་བ་དགྲ་བཅོམ་ཤཱཀྱ་ཐུབ།། སྤྲུལ་པ་སྐུ་ཡི་རང་བཞིན་ནོ།། སྤྲུལ་པ་གསུང་གི་རང་བཞིན་ནི།།
iiif viewer powered by OpenSeadragon
40a - 41a