e-texts navigator
Collection
Volume
Page
Wylie

40a1 ནས་དགྲ་པའི་བདུད་རྩི་ཡིན།། དབང་སྣ་དྲུག་རྒྱུད་རྣམ་ཤེས་དྲུག་ལ་མཆོད།། དབང་པོ་རྣམ་ཤེས་བཅུ་གཉིས་ཁྱད་པར་ང་།། ལྷག་པའི་ཏིང་འདོན་དྲག་གི་བསྡམ་པ་ལས།། བྱིན་གྱིས་བརླབས་ཤིང་ཤེས་པས་གཟུང་དུ་མེད།། ཅེས་བརྟན
40a2 དཀའ་སྲམཚོན་དུ་མེད་པར་ངེས་པ་ནི།། བྱང་ཆུབ་སེམས་ལ་རྒྱ་རྐྱེན་མི་དགོས་སླ།། མཚོན་དུ་མེད་པས་རྟོགས་པ་ཤིན་ཏུ་དཀའ།། རྒྱུ་ལས་མ་བྱུང་བས་ན་སླ་བའི་ཕྱིར།། དམིགས་པའི་ཡུལ་དུ་མ་གྱུར་དཀའ་བར་བཤད།། བྱང་ཆུབ་སེམས་ནི་མངོན་སུམ་ཡུལ་མི
40a3 གནས།། སྣང་སྲིད་ཀུན་ལ་ཁྱབ་པས་ནམ་མཁའ་འདྲ།། སེམས་ལ་མིང་དང་ཚིག་གིས་མཚོན་པ་ནི།། རྡོ་རྗེ་སེམས་དཔའ་ངས་ཀྱང་མཚོན་དུ་མེད།། ཅེས་བསྟན། བདེ་དང་སྡུག་བསྔལ་རྒྱ་མཐུན་ངེས་པ་ནི།། དབང་པོ་དྲུག་ནི་ཡུལ་ལ་ཆགས་པ་སྟེ།། ཡུལ་ལ་རང་བཞིན་མེད
40a4 པས་ཆགས་པ་མེད།། གཉིས་ཀར་མ་ལེན་ཚིག་གི་ལམ་ལ་གནས།། བརྟགས་ན་ཇི་ལྟར་བཏགས་པ་འབྱུང་བ་ནི།། དབུམ་བཞིན་ནི་ཐག་རྔའི་སྒྲ་དང་འདྲ།། བདེ་བཚུལ་གྱི་སྡུག་བསྔལ་ཉོན་མོངས་ལྔ།། སྙིང་པོ་བྱང་ཆུབ་སེམས་སུ་རྒྱ་མཛན་ཞེས།། འགྲོ་བའི་མགོན
40a5 བ་རྡོ་རྗེ་སེམས་དཔས་གསུངས།། ཞེས་བསྟན། དེ་ནས་ས་ངས་རྣམ་པ་གསུམ་པོ་བསྟན་པ་ནི། ཆོས་ཀྱི་དང་བཞིན་མ་དེས་ནི། མཽད་རྗེའི་ཆོས་ལ་ངེས་པཾ་མེད་པར་བསྟན་པ་ཊཱི།། སྣ་མུས། ཆུ་བརྒྱད་དུ་སྣང་བ་ནི།། ཇི་ལྟར་བལྟས་པ་དེ་ལྟར་ལྡང་བ་དེ།། སེམས་ཀྱི
40a6 བག་ཆགས་སུ་ཡང་དེས་མེད་པར།། སྣང་བ་དེའི་འདོན་རྩོལ་སེམས་བྱེད་པ་ནི།། དེ་ལ་སེམས་ཉིད་བདེ་བ་ཡོད་མ་ཡིན།། སྣང་བ་འདོན་ཅིང་རྡོལ་སེམས་རྒྱས་པ་ནི།། དེ་ནི་མ་རྟོགས་སྒོ། བ་དང་གོལ་གྱོན་ཡིན།། ཞེས་བསྙེན། གྲོལ་དྲས་པ་མེ
40a7 པ་ནི།། བྱང་ཆུབ་སེམས་ནི་རྒྱུད་དྲུག་ཀུན་དང་མཚུངས།། སེམས་རྟོག་ཆོས་ཉིད་དཔལ་འགྲོ་བའི་ལམ།། འགྲོ་བ་རིགས་དྲུག་ཀུན་གྱི་ལམ་ཡིན་པས།། བྱིས་པའི་བློ་ལ་ངེས་པ་མ་མཆིས་པས།། མ་རིག་མ་ཚོགས་བསྐྲད་པས་འཁྲུལ་བའི་ཕྱིར།




iiif viewer powered by OpenSeadragon

39b - 40b

Texts on this page

Gdg006.8 - nges par ston pa'i mdo dang 'grel pa