| | e-texts navigator
|
39a1 དང་གིས་གནས་པ་མེད།། དེབྱེར་སངས་རྒྱས་མེང་དུ་སྨྲས་པ་ཟལ།། སངས་རྒྱས་ཞེས་ནི་སྟོན་པས་མིང་བཏགས་ནོར།། སངས་རྒྱས་ཞེས་ནི་གཞན་ནས་ཐོབ་ཟུ་དང་།། ད་ཉི་སྡིག་རྒྱུ་ན་ན་ཟླར་བའི་ལམ།། འདག་ཀྱང
39a2 ཀྱི་གཟུགས་ནི་ཡོད་མིན་པས།། ཆོས་ཀུན་བཤད་པ་རྡུལ་ཆཙམ་ཡང་མེད།། ཟིན་པའི་ནཱད་དང་ཆགས་པའི་སྡུག་བསྔལ་ཡེ་ནས་ཞི།། དངོས་པོ་མེད་ལ་ཞེན་པ་ཡེ་ནས་སྤངས།། གཉིས་མེད་བདུད་རྩི་ཆེན་པོའི་རང་བཞིན་ལ།། བཟའ་བའི་ཐབས་ལ
39a3 ཡེ་ནས་དག་པ་མེད།། ཐམས་ཅད་མ་བཞག་ཡངས་པ་ཆེ།། དེ་བས་འོག་མ་རྣམས་ཀྱི་གཉེན་པོ་ཡིན།། གཉིས་མེད་དང་ལྔ་མི་དམིགས་མཉམ་པའི་ངང་།། ཆེ་ཆུང་འདུ་ཤེས་དམིགས་པ་དག་དང་བྲལ།། ལུང་ལས་གསུངས་པའི་མན
39a4 ངག་དག་གི་རྒྱལ།། དཔེར་ན་སྒྲ་མཁན་ར་མའ་རྣམ་པ་འདྲ།། མཉམ་ལ་འབྱུང་འཇུག་ཡེ་ཤེས་བྱིངས་རྨུགས་ཐལ།། དེ་ཡི་དབང་ལས་ཡེ་ཤེས་སྐྱེ་བར་འགྱུར།། རྟེན་དང་བྲེལ་པས་བཏང་ཞིང་མཉམ་པའི་ངང་ལ་གནས།། བདེ་བ་ཆེན་པོ་དག་ལ་ཟོད
39a5 པ་གདུང་མི་སྒོ།། དཔེར་ན་ནམ་མཁའ་གཡང་ས་དག་ལ་མཁའ་ལྡིང་ཉམ་མི་ང།། དེ་ཕྱིར་སྤྲོ་བ་སླུ་བྱེད་ཅིང་མཉམ་པའི་ངང་ལ་གནས།། དེ་ལ་སྟོང་པར་མི་ལྷུང་གཟའ་གཏད་བྲལ།། རྒྱ་མཚོ་བཞིན་ཏེ་ཐམས་ཅད་མཉམ་པར་གནས།། ཆོས་རྣམས་སྣ་ཚོགས
39a6 ངང་གིས་འབྱུང་བར་བྱེད།། ཡོན་ཏན་ཚད་ནི་ནམ་མཁའི་མཐའ་དང་མཉམ།། བསྡུ་བའི་གནས་ནི་འདི་ཞེས་ངེས་པ་མེད།། བྱང་ཆུབ་སྙིང་པོར་རྟོགས་པ་དེ་མ་ཞག། ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེན་པོ་འབྱུང་།། དཔེར་ན་ནམ་མཁའའམ་རྒྱ་མ་ཆེན་པོ་བཞིན།། མི
39a7 རྟོག་མཉམ་པའི་དང་སྟེ་མཁའ་ལྟར་ཡངས།། ཀུན་ཏུ་བཟང་པོ་མཉམ་པའི་སྤྱོད་ཡུལ་ལ།། སྐྱེ་ཤི་བྲལ་བས་འགྲོ་འགྱུར་ཡེ་ནས་མེད།། འཛིན་པ་དེ་ཉིད་རྒྱུ་རྐྱེན་བཅུ་གཉིས་ཡིན།། མེད་པས་སྐུར་བ་ཡིན་ཏེ་སྣང་བས་བརྟགས་པ་ཡིན།། འཕྲལ་པ
iiif viewer powered by OpenSeadragon
38b - 39b