e-texts navigator
Collection
Volume
Page
Wylie

38a1 ཚིག་གི་བརྗོད་པས་མི་ཕེབས་མཐའ་དང་ཐལ།། ཡེ་ནས་བྱ་བཙལ་བྲལ་བས་བདག་ཉིད་ལ།། རང་རིག་མངོན་སུམ་ངང་གིས་བཙལ་མེད་གནས་ཀྱིར་རོ།། གྲིབ་མ་ལས་བྱུང་གཟུགས་ཀྱི་དཔེ་བཞིན་དུ།། མེ་རྟོག་ཡེ་ཤེས་པ་ལ
38a2 རྟག་པ་འབྱུང་བར་ཟད།། མེད་དེ་ཞེས་ནི་མེད་པའི་མཐར་མ་ཡིན།། མཐར་མ་ཡིན་ཞེས་མེད་པའི་སྙིང་པོ་འབྱུང་།། སྟོང་པ་ཉིད་དེ་སྟོང་པའི་མཐར་མ་ཡིན།། སྟོང་པའི་ཡུལ་ཞེས་སྣང་བའི་སྲོག་ལ་གནས།། དཔེར་ནནམ་མཁའི་རང་བཞིན
38a3 ཉིད་ལས།། ནམ་མཁའ་དེ་ལས་ཡིན་ནོ་ཞེས་པའི་དྲན་པ་བསྐྱེད།། རྡོལ་བའི་བྱ་བྲ་ལ་ཡེ་ནས་ཟིན་པའི་བདེ་བ་སྟེ།། དཔུང་འདོད་པ་མེད་པའི་ཚུལ་གྱིས་ལེན་པདུ་བྱེར།། གཟའ་གཏད་བྲལ་བའི་ཡེ་ཤེས་ཡུལ་མེད་དེ།། དེ་ཉིད་ལས་ནི་ཡེ་ཤེས་གསཔ་བ་འགྱུར་བ
38a4 མངོན་དུ་ཕྱུང་བའི་དྲང་སྲོང་བ་ལྟ་བའི་རྗེས་སུ་དམིགས།། དེ་ལ་བསྒོམ་པའི་དམིགས་པའི་ཡིད་ཀྱང་འཇོག་པར་བྱེད།། རྣམ་རྩོལ་འབད་པའི་གདུང་བས་ཀུན་ནས་ཟིན་ཏ་རེ།། དེ་ནི་རང་བཞིན་ལམ་དུ་མ་རྟོགས་དེ་འཁྲུལ་པས།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤར་ལེན་དང
38a5 གིས་མེད།། ཇི་བཞིན་པ་ལ་ཡིན་ཞེས་རྣམ་རྟོག་བྱེད་པ་དེ།། ཕྱིར་ཞིང་རྟོག་པ་འཕེལ་ཏེ་བསྒོམ་པ་མེད།། བདེ་བ་ཆེན་པོ་ཞེས་ནི་གཞན་ནས་ཚོལ་འདོད་པས།། དེ་ཉིད་ཆགས་པའི་གཅོད་རྙིང་ནད་ཡིན་ཏེ།། མིགཡོ་བ་ཡི་རང་བཞིན་བཙལ་མེད་གནས་པས་ན།།
38a6 ཉིད་སྙུན་ཆེན་ཡིན་ཞེས་རྟོགས་པར་མ་བྱས་ན།། མཐོ་རིས་ལྷ་མི་ཙམ་དུ་བཟོད་པའི་དགེ་བཅུའི་རྒྱུ་དེས་ནི།། ཉོན་མོངས་གཅོད་རྙིང་ཟིན་པས་ཕྱིན་པར་མི་འགྱུར་རོ།། དེ་བས་བགྲོད་ལམ་མེད་དེས་ཕྱིན་པ་མེད་པས་ན།། ལམ་དེ་གང་ཟག་རྣམས་ཀྱི་ནང་དུ་ཆེ་བས
38a7 ན།། དེ་ཉིད་མྱ་ངང་འདས་པར་ཕྱིན་པར་འདོད་པ་དེས།། རེ་དྭགས་སྨིག་རྒྱ་ཆུ་རུ་འདུ་ཤེས་བསྙེག་པ་འདྲ། དེ་བས་གང་ཡང་རྙེད་པར་འགྱུར་བའི་ཡུལ་མེད་དེ།། དེ་བཞིན་གང་ལྟར་བཟོད་ཀྱང་ཁམས་གསུམ་དེ་ལས་ཡོངས་མི་འབྱུང་།། ས་བཅུ་གོང་ནས




iiif viewer powered by OpenSeadragon

37b - 38b

Texts on this page

Gdg006.8 - nges par ston pa'i mdo dang 'grel pa