| | e-texts navigator
|
375b1 ཆེན་པོའི་རྒྱུད་ལས། འཁྲུལ་གཞི་བརྟག་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འཁྲུལ་ཞེས་བྱ་བའི་སྣང་བ་འདི་དག་ཀུན།། གང་ལས་གང་བྱུང་ཚད་ཅི་གང་གི་སྒོ།
375b2 སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། རྗུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། རིག་པ་མག་ཡོས་རིག་པ་རང་གསལ་བས།། དེ་ལས་བྱུང་བའི་རིག་པ་སྣ་ཚོགས་ནི།། རང་བྱུང་ཡེ་ཤེས་ཡན་ལག་ཆ་ཕྲ་མོ།། གཡོ་མི་ག་པོ་ལས་ཡིད་ཙམ་ཟེར་གཡོས་པས།། སྔར
375b3 གཡོ་མ་མྱོང་ཕྱིས་ཉིད་གཡོས་པ་ཡིས།། རིག་པ་དང་གསལ་འོད་དང་ཆས་ནས་བྱུང་།། རིག་པ་རང་ལས་བྱུང་བའི་འོད་དེ་ལ།། ཡིན་མིན་ཡིན་གདེང་ངེས་པའི་ཤེས་པ་སྐྱེས།། འོད་དང་རིག་པ་གཉིས་སུ་སོ་སོར་སྣང་།། རིག་པ་རང་གི་འོད་ཉིད་ཡུལ་དུ་བཟུང་།། བཟུང་བའི
375b4 བག་ཆགས་ཞེན་ཅིང་བལྟས་པ་ཡིས།། ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། འཁྲུལ་པ་མདོར་བསྡུས་པའི་ལེའུ་སྟེ་བཅུ་དགུ་པའོ།། ། སྐད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས།། སྟོན་པའི་སྟོན་པ་ཅན
375b5 ཏུ་བཟང་པོ་ལ། ཆོས་སྐུ་རང་བྱུང་ཡེ་ཤེས་རིག་མེད་དེ།། དེ་ཡི་ཡོན་ཏན་མ་འགགས་ཅིར་ཡང་སྣང་།། ཡོན་ཏན་ཕྱོགས་གཅིག་སྣང་བ་དེ་དག་ལ།། ཆོས་སྐུ་གསལ་དངས་མི་གཡོ་མི་འགྱུར་རྒྱ་མ་ཆད།། དེ་ཡི་ཡོན་ཏན་སོ་སོར་སྣང་བ་ལས།། ཁ་དོག་རྣམ་འབྱུང་རྣམ་ལྔ་གྲུབ་པ
375b6 གང་། སྟོན་པའི་སྟོན་པཀུན་ཏུ་བཟང་པོ་དེས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། གསལ་བ་ཁ་དོག་དཀར་པོར་མཐོང་། དངས་པ་ཁ་དོག་དམར་པོར་མཐོང་།། མི་གཡོ་ཁ་དོག་སྔོན་པོར་མཐོང་།། མི་འགྱུར་ཁ་དོག་ནག་པོར་མཐོང་།། མི་འགྱུར་ས་ཡིན་ཕ་མ་སྟེ
375b7 སརྦ་བརྡུང་།། བཟུང་བའི་བག་ཆགས་སྲ་བས་རུ་པཱུང་།། གསལ་བ་མེ་ཡིན་སྙམ་སྟེ་མེ་རུ་བཟུང་།། བཟུང་བའི་བག་ཆགས་སྨིན་པ་མེ་རུ་སྣང་།། དངས་པ་ཆུ་ཡིན་སྙམ་སྟེ་ཆུ་རུ་བརྡུང་།། བཟུང་བའི་བག་ཆགས་སྡུད་པར་བྱེད་པ་རུ་རུ་སྣང་།། མིག་པོ་རླུང་ཡིན་སྙམ་སྟེ་རྩཝ་རུ་བཟུང་།
iiif viewer powered by OpenSeadragon
375a - 376a