e-texts navigator
Collection
Volume
Page
Wylie

374a1 ལག་མ་ས་ས
374a2 པའི་སྤྱོད་པ་ཀུན་ཏུ་བཟང་པོ་དེས།། སྡུང་པའི་གསང་དབང་རྣམམས་དཔའ་ལ།། ཐེག་མ་ཐ་མ་མེད་ཕྲན།། སངས་རྒྱས་སེམས་ཅན་གཉིས་མེད་དེ།། སངས་རྒྱས་ཆོས་སུ་ཆེན་པོ་དག།། བཟླབ་ཅད་རྩོལ་བཆུབ་མེདཔས་ན།། ལས་པོ་ས་ན་པ་ལོང།། རློམས
374a3 ཆེན་པོའི་ཚུལ་དུ་གནས།། ངོ་བོ་རིག་མེད་རིག་མ་སྐྱེས་པ་དེ།། རྒྱུ་འབྲས་ཀུན་ལས་གྲོལ་བས་གཉེན་པོ་མེད།། ཅོལ་མེད་འགག་པ་མེད་པས་སྣང་ཚུལ་ཅིང་ཡང་སྤང་།། རྣམ་རྟོག་ཡུལ་དུ་མེད་པས་འདི་ཞེས་བསྟན་དུ་མེད།། རང་བྱུང་རང་ལ་སྣང་ཡང་གོས་པ་གང་ཡང་མེད། ཉིད
374a4 པས་མ་རྟོགས་གང་ཡང་རྩལ་ཙམ་མེད།། ཐམས་ཅད་སངས་རྒྱས་ཆོས་ཆུའི་ངོ་བོ་ཡིན།། དེ་ཡི་རྩལ་གྱིས་སྣང་བ་ལྔ་པོ་ནི།། གསལ་དངས་མི་གཡོ་མོ་འགྱུར་རྒྱུ་མ་ཆེད། འགག་པ་མེད་པའི་ཡོན་ཏན་སྣ་ཚོགས་མངའ།། སངས་རྒྱས་ཆོས་སྐུའི་སྣང་བ་ཁྱད་པར་ནི།། སྐུ་ཡི་སྲ
374a5 དེ།། སྐུ་ཉིད་དག་ལས་ཀུན་འབྱུང་བས།། གཞི་ཡི་སྐུ་དང་རང་བཞིན་སྒྲ།། ཡན་ལག་སྐུ་ཡིས་ཀུན་ལ་ཁྱབ་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཚེས་སྐུ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས།
374a6 སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རང་བྱུང་ཡེ་ཤེས་གནས་ལུགས་དང་།། ངོ་བརྩལ་དང་ཡོན་ཏན་ཀྱང་ཚུལ་གང་།། སྟོན་པའི་སྟོན་པ་ཀུན་ཏུ་འཟང་པོ་དས།། སྲུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། འདུ་འབྲལ་མེད་པའི་ཡེ་ཤེས་སྙིང་པོད།། ཕྱོགས་བཅུ




iiif viewer powered by OpenSeadragon

373b - 374b

Texts on this page

Gdg006.46 - rin po che rgyas pa chen po'i rgyud