e-texts navigator
Collection
Volume
Page
Wylie

373a1 མི་ལེན་ནོ།། རང་བཞིན་པར་དོར་སྟོང་པར་རྟོགས་པ་ན།། རྨི་ལམ་པར་དོར་རྨི་ལམ་མི་འབྱུང་ཞིང་།། སྲིད་པ་བར་དོར་ཡེ་ཤེས་སྟོང་ཉིད་གསལ།། རང་བཞིན་པར་དོར་རྣམ་པར་མ་རྟོག་པས།། རྨི་ལ་མའར་དང་རྨིལ་མ་ཡེ་ཤེས་གསལ།
373a2 སྲིད་པ་བར་དོར་ཡེ་ཤེས་སྐུ་ཉིད་ཐོབ།། ཞི་གནས་དུས་ན་རྣམ་པར་མི་རྟོག་པས།། རྗེས་ཐོབ་དུས་ན་སྟོང་པ་མཆོག་ཏུ་གསལ།། ཞི་གནས་ལྷག་མདོང་དབྱེར་མེད་མཉམ་པ་ན།། རྨི་ལམ་བ་དེའི་དུས་སུ་དེ་བཞིན་གནས།། རང་བཞིན་པར་དོར་ཡེ་ཤེས་རྟོགས་པ་ན།། རྨི་ལམ
373a3 བར་དོར་ཡེ་ཤེས་རྟེན་མེད་གསལ།། སྲིད་པ་བར་དོར་ཡེ་ཤེས་དངོས་སུ་སྣང་།། རང་བཞིན་པར་དོར་ཆོས་ཉིད་ནམ་མཁའ་རྟོགས་པ་ན།། རྨི་ལམ་པར་དོར་ནམ་མཁའ་མཆོག་ཏུ་གསལ།། སྲིད་པ་བར་དོར་ཆོས་ཉིད་ནམ་མཁའ་འཐོབ།། རང་བཞིན་པར་དོར་ཟག་བཅས་ཐོགས
373a4 པའི་ལུས།། རྨི་ལམ་པར་དོར་སྒྱུ་ལུས་ཐོགས་མེད་ལུས།། སྲིད་པ་བར་དོར་ཟག་མེད་ཡེ་ཤེས་ལུས།། རང་བཞིན་པར་དོར་ཇི་ལྟར་རྟོགས་པ་བཞིན།། རྨི་ལམ་པར་དོར་བག་ཆགས་དེ་བཞིན་སྣང་།། སྲིད་པ་བར་དོར་འབྲས་བུ་དེ་བཞིན་འཐོབ།། རིན་པོ་ཆེ་རྒྱས་པ་ཆེན་པོའི
373a5 ད་དྲོ་མུག་བྱའི་བྱ་ཐུབ་འི་མ་བརྗི་པ། ལྡད་པའི་བ་པ་ང་ས་དཔ་བས། ཊཱི་འསྤྱོད་པ་པ་ན་པ་བ་། མེད་པ་ང་དུ་བགྲང་ཅུ་དང་།། མེད་པ་པ་ད་ག
373a6 ལུགས་དང་།། སྲིད་པ་པར་དེ་དག་ལ་འབྲས་བུ་ཐོབ་པ་གང་།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། ལུས་ནི་རྣམ་པ་གསུམ་དང་ལྡན་པ་སྟེ།། བག་ཆགས་དག་གི་སྡང་ལུགས་ནི།། སྔོན་གྱུར་སྲིད་པའི་ཤ་ཚུགས་ཅན།།
373a7 དབང་པོ་ཀུན་ཚང་ཐོགས་མེད་ལྡན།། རྫུ་འཕྲུལ་ལས་ཀྱི་སྟོབས་དང་ལྡན།། དེ་ལྟའི་ལུས་དང་ལྡན་པར་གནས།། རྫུ་འཕྲུལ་དག་གི་ལུས་དེ་ནི།། འདྲ་མཐུན་རིགས་མཐུན་འདྲ་བར་སྤྲུལ་ནས་ནི།། ཐོགས་མེད་དབང་པོ་ཀུན་ཚང་བ།། འོད་དང་ཆས་ནས་བག་ཆགས་གསལ།




iiif viewer powered by OpenSeadragon

372b - 373b

Texts on this page

Gdg006.46 - rin po che rgyas pa chen po'i rgyud