| | e-texts navigator
|
372a1 བྱས་པ་ཡི་སངས་རྒྱས་སོ།། རིན་པོམ་བྱས་པ་ཆེན་པོའི་ཧུད་ལས། སྐྲ་དང་མ་ཤེས་ཞལ་བསྟན་པའི་ལེཊ་སྟེ་བཅུ་གཉིས་པའོ།། ། སྨད་པའི་གསང་དབང་སེམས་དཔའ་ཡིས།། སྤྱད་པའི་སྟོན་ཀུན་ཏུབཟང་པོ་ལ།
372a2 ཉིན་གུང་རྣལ་འབྱོར་བྱ་བ་དང་།། སྲོད་ལ་རྣལ་འགྲོར་བྱ་བ་དང་།། ནམ་གུང་རྣལ་འགྱོར་བྱ་བ་ཡིས།། ཀུན་དུ་ཡེ་ཤེས་ཐོབ་པ་གང་།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། སྡུད་པའི་གསངང་བང་རྡོ་རྗེ་སེམས་དཔའ་ལ།། ཉིན་གླེང་རྣལ་འབྱོར་ཟླ་བ་ནི།། @
372a3 པར་གཞག་པའི་དུས་ཉིད་ནི།། ཚོགས་དྲུག་ནམ་མཁའི་རང་ལ་བཞད།། སྒོ་ལྔ་ལ་བརྟེན་ཤེས་པ་ཀུན།། ཡུལ་ལ་མི་སྤྱོད་ཐལ་ལེ་ཕུང་དེར་བཞག། བྱིང་ན་ཤེས་པ་གཟེངས་ཀྱང་བསྟོན།། རྒོད་ན་ཆོས་ཉིད་རྒྱས་ཀྱང་གདབ།། རྣམ་པར་མི་རྟོག་ཏིང་འཛིན་ཏེ།། དེ་རྣམས
372a4 གསལ་བར་མ་གྱུར་ན།། རྗེས་ལས་ཐོབ་པའི་སྣང་བ་འདི།། སུ་མའི་དཔེ་བརྒྱད་ལྟ་བུར་འཆར།། གསལ་ལ་སྟོང་པ་འཇའ་ཚོན་ལྟ་བུར་སྣང་།། སྣང་ལ་མེད་པ་ཆུ་ཟླ་ལྟ་བུ་དང་།། རྟེན་མེད་ཤར་བ་སྨིག་རྒྱ་ལྟ་བུ་དང་།། བརྟགས་ན་མེད་པ་ཕྱཝ་མ་ལྟ་བུ་དང་།། ཡིན་ལ་མཱིན
372a5 པ་གཟུགས་བརྙན་ལྟ་བུ་དང་།། དངོས་མེད་སྣང་བ་སྤྲུལ་པ་ལྟ་བུ་དང་།། དོན་མི་ལྡན་པ་བྲག་ཆ་ལྟ་བུ་དང་།། རང་བཞིན་རང་སྣང་རྨི་ལམ་ལྟ་བུའོ།། མོས་རྣམས་ཐམས་ཅད་དེ་བཞིན་སྣང་བ་ལ།། དེ་ལ་ཞེན་མེད་ཆགས་མེད་དགའ་དང་བཏང་སྙོམས་མེད།། ཉིན
372a6 གུང་ཡེངས་པ་མེད་པ་ཡིས།། རྒོད་ན་མཉམ་གཞག་དང་ལ་གནས།། བྱིང་ན་རྗེས་ཐོབ་དང་ལ་གནས།། ཆོས་སྐུ་ཡེ་ཤེས་ཀུན་དུ་འབྱུང་།། སྲོད་ལ་རྣལ་འབྱོར་བྱ་བ་ནི།། བསམ་གཏན་གཉིད་དང་བསྲེས་པ་ནི།། ཆོས་ཉིད་རང་ལ་གནས་བྱས་ལ།། དེ་ལས་གཉིད
372a7 གྱུང་ཆོས་ཀྱི་སྐུ།། གཉིད་ཀྱི་རྟོག་པ་མ་ལངས་ན།། ཆོས་ཉིད་མ་ཡི་ཏིང་འཛིན་ཡིན།། གཉིད་ཀྱི་རྟོག་པ་ལངས་པ་ན།། གཉིད་ནི་བྱག་ཉིད་ལྟ་བུར་བྱ།། ཡང་དང་ཡང་དུ་ཐུན་དུ་གཅད།། གཉིད་དང་བསམ་གཏན་ཡང་ཡང་བསྲེ།། དེ་ཡི་རྒྱན་ཉིད་ཐོབ་པ་ན།།
iiif viewer powered by OpenSeadragon
371b - 372b