e-texts navigator
Collection
Volume
Page
Wylie

371b1 སངས་རྒྱས་ཐོབ་པ་གང་།། སྐུ་དང་ཡེ་ཤེས་བརྟན་པ་ཐོབ་པ་གང་།། བསྲེ་བཀུག་བསྣན་པའི་མན་ངག་ཇི་ལྟ་བུ།། དེ་ལ་ཡེ་ཤེས་རྣམ་གསུམ་གྱིས།། མུན་པ་རྣམ་གསུམ་སེལ་བ་གང་།། ཏིང་འཛིན་རྣམ་གསུམ་སྐྱེས་པ་གང་།། འབྲས་བུ་རྣམ་གསུམ་རྫོགས་པ་གང་།
371b2 སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། སྲུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། སངས་རྒྱས་ཆོས་ཀྱི་སྒྲ་ཡི་ཞལ་བསྟན་དང་།། རང་ཐུང་ཡེ་ཤེས་བརྟན་པ་ཐོབ་པའི་ཐབས།། ནམ་པའ་དག་ལ་ནམ་མཁར་མིང་མ་བཏགས།། ཆོས་ཉིད་ནམ་མཁའ་ཆེན་པོ་དེ་ཉིད་ལ། དབང
371b3 བཀུག་བསྟན་པའི་མན་ངག་རིམ་པས་བྱ།། ཤེས་པ་གསལ་ལ་དཔངས་བསྟོད་དེ།། མིང་མ་བཏགས་པའི་ནམ་མཁའ་ཆེན་པོ་ལ།། སྒོ་ལྔ་རང་སར་བཞག་ནས་ནི།། ཡིད་ཀྱི་རྟོག་པ་རྒྱན་བཅད་དེ།། ཤེས་པ་ལྷུག་པར་བཏང་ལ་བསྒོམ།། སེམས་ལས་བྱུང་བའི་ཡེ་ཤེས་དེ།།
371b4 སྐད་ཅིག་དང་པོའི་ཤེས་པ་དེ།། ལྡང་བ་མིང་དང་བྲལ་ནས་ནི།། ཤེས་པ་ཧད་དེ་པྱོད་དེ་སྟེ།། མི་རྟོག་པ་ཡི་ཡེ་ཤེས་ཡིན།། མིང་གིས་ཆོད་པའི་མུན་པ་སངས།། བག་ཆགས་སྒྲིབ་པ་དག་ཅེས་བྱ།། རྣམ་པར་མི་རྟོག་ཏིང་འཛིན་སྐྱེས།། སྣང་བ་རྒྱས་གདབ་སྤྱོད་པ་བུའོ།།
371b5 ད་ཡི་བརྟན་པ་ཐོབ་པ་དང་།། ཚོགས་དྲུག་ཡུལ་ལ་དགུག་པ་ཡིས།། ཚོགས་དྲུག་ཡུལ་ལ་མི་སྤྱོད་ན།། རང་བྱུང་ཡེ་ཤེས་སྐྱེས་པ་ཡིན།། མཚན་མའི་མུན་པ་སངས་ཞེས་བྱ།། ཉོན་མོངས་སྒྲིབ་པ་དག་པ་ཡིན།། སྣང་བ་བསྦེད་པའི་ཏིང་འཛིན་སྐྱེས། འབྱུང་བ་ཆེན་པོའི་སྣོད
371b6 པའོ།། དེ་རྣམས་རྒྱུན་ཏུ་འབྱུང་བ་ནི།། བསྟན་པ་དག་གི་མན་ངག་གིས།། སྐད་ཅིག་དང་པོའི་ཤེས་པ་ཉིད།། གང་དུ་ཡང་ནི་མ་གཡོས་པས།། རྣམ་པར་མི་རྟོག་ཡེ་ཤེས་འབྱུང་།། ཤེས་པ་དེ་ཉིད་ངོས་བཟུང་ནས།། སྐད་ཅིག་གིཉིས་ལས་ཕར་མི་བཏང་།། མུན
371b7 བརྟན་པ་ཐོབ་པ་དང་།། རང་བྱུང་ཡེ་ཤེས་ཆེན་པོ་ཡིན།། རང་བཞིན་མུན་པ་སངས་ཞེས་བྱ།། ཤེས་བྱའི་སྒྲིབ་པ་དག་པ་ཡིན།། རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ།། ཆོས་ཀྱི་སྐུ་ཡི་ཞལ་བསྟན་པས།། རང་བྱུང་ཡེ་ཤེས་དེ་ལ་སྐྱེས།། འབྲས་བུ་སྐུ་གསུམ་ལྡན་གྱིས་གྲུབ།། སངས




iiif viewer powered by OpenSeadragon

371a - 372a

Texts on this page

Gdg006.46 - rin po che rgyas pa chen po'i rgyud