| | e-texts navigator
|
370a1 དབང་པོ་རྣམ་ལྔ་དེ་བཞིན་ནོ།། རྐྱེན་གཞན་དག་ལ་བརྟེན་རས་ནི།། ནོས་པ་ལས་བྱུང་ཤེས་རབ་ཀྱིས།། མི་རྟོག་པ་ལ་ཡེ་ཤེས་སོ།། སེམས་ཉིད་ལྟུང་པར་ཆོས་ཐོབ།། དེའི་འབྲས་བུ་ཟག་མེད་ལུས།། གཟུགས་ནི་ཐོགས་མེད་ཏིང
370a2 འཛིན་ལུས།། དེ་ལ་བརྟེན་པའི་ཕྲེང་ལྔ་ཡང་།། འཇའ་ཚོན་ལྟ་བུའི་ལུས་ཉིད་ལས།། ལྷ་ཡི་སྤྱན་དང་ལྡན་པ་སྟེ།། སྟོང་གསུམ་བྱེ་བ་ཕྲག་བཅུ་གཟིགས།། བསམ་པ་ལས་བྱུང་ཤེས་རབ་གྱིས།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་།། བཞི་སྟོང་ཐམས་ཅད་ལྷུན་གྱིས་གྲག
370a3 རང་བྱུང་ཡེ་ཤེས་ཆེན་པོ་དེས།། ཕྱི་དེང་ནང་དུ་སྣང་བ་ཡང་།། ཆོས་སྐྲནམ་མཁའ་ལྟ་བུར་རྟོགས།། དེ་ཉིད་དག་ལ་བརྟེན་པས་ན།། རྡོ་རྗེ་ལྟ་བུའི་ལུས་ཉིད་འབྱུང་།། ཡེ་ཤེས་ཕུང་པོར་སྡང་བ་ནི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་།། མེ་ལོང་ལྟ་བུའི་ཡེ་ཤེས་དང་།།
370a4 མཉམ་པ་ཉིད་ཀྱི་ཡེ་ཤེས་དང་།། སོ་སོར་རྟོག་པའི་ཡེ་ཤེས་དང་།། བྱ་བ་གྲུབ་པའི་ཡེ་ཤེས་རྣམས།། གཅིག་ཏུ་འདུས་པས་ཡེ་ཤེས་ལུས།། ཡེ་ཤེས་སྤྱན་དང་ལྡན་པ་དེས།། ཐམས་ཅད་ནམ་མཁའི་དཀྱིལ་ལྟར་གཟིགས།། ལྷན་གྲུབ་རང་བྱུང་ཡེ་ཤེས
370a5 དེས།། སངས་རྒྱས་ཆོས་སྐུ་དྲི་མེད་རྟོགས།། འབྲས་བུ་སྐུ་གསུམ་དབྱེར་མེད་འགྲུབ།། ཟག་དང་བཅས་པའི་ལུས་ཉིད་ལས།། ཡེ་ཤེས་ལུས་ཅན་བདེ་གཤེགས་འགྲུབ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། རྒྱ་ཕུང་པོ་ཟག་པ་དང་བཅས་པ་ལ་བརྟེན་ནས་ཡེ
370a6 ཤེས་ལུས་སུ་གྲུབ་པའི་ལེའུ་སྟེ་བཅུ་པའོ།། ། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ལྟ་བའི་རོ་སྙོམས་ཆེད་དང་རྟགས་གཉིས་དང་།། སྒོམ་པའི་རོ་སྙོམས་ཚད་དང་རྟགས་གཉིས་དང་།། སྤྱོད་པའི་རོ་སྙོམས
370a7 ཚད་དང་རྟགས་གཉིས་དང་།། བར་དོའི་རོ་སྙོམས་ཆད་དང་རྟགས་གཉིས་གང་།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། ཐོག་མཐའ་མེད་པའི་དུས་ཉིད་ན།། སྐུ་དང་ཡེ་ཤེས་དབྱེར་མེད་གནས་པ་བཞིན།། སྤུ་དང་ཡེ་ཤེས
iiif viewer powered by OpenSeadragon
369b - 370b