e-texts navigator
Collection
Volume
Page
Wylie

369b1 བྱེད་ཐམས་ཅད་ནུག།། འདྲེན་པ་རྡུལ་བར་སྤྱད་ན།། གང་ལྟར་འདད་པ་དེ་ལ་དེང་སྣང་བ་།། གདུལ་བྱསྐལ་པའི་གྲཝ་ཉིད་ནི།། ཞྭ་དང་རྐུ་བའི་ཚུལ་དུ་སྣང་བར།། རབ་མད་ལས་ད་བར་སྣང་བ་ནི།། དེ་ནི་སྨྲས་པའི་སྒྲ་ཞེས་བྱ་བ་ཡིན།། མཐང་སྟངས་དབང་གིས་ཐ་དང་སྡང་བ
369b2 ལས།། དེ་མ་རྟོགས་པའི་སྣང་བ་ཡོད་པ་མིན།། གདུལ་བྱ་ཐམས་ཅད་སྤྲུལ་པའི་སྐུ་ཡི་ཞིང་ཁམས་ཡིན།། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སྐུ་གསུམ་ཞིང་ཁམས་ཀྱི་ལེའུ་སྟེ་དགུ་པའོ།། ། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས།། སྟོན
369b3 པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ལུས་ངག་དག་གི་འཁྲུལ་པ་ལས།། ལུས་གསུམ་རིམ་པས་བྱུང་བ་དང་།། ཤེས་རབ་རྣམ་པ་གསུམ་དག་དང་།། སྐུ་ནི་རྣམ་པ་གསུམ་དག་ལས།། འབྲས་བུ་རྣམ་གསུམ་འབྱུང་བ་གང་།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། སྡུད
369b4 པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ།། ཟག་དང་བཅས་པའི་བག་ཆགས་དག་གི་ལུས།། ཆུ་བུད་སྤྱན་ལྡན་སྣང་བ་ཁ་དོག་གཟུགས།། ཐོས་བྱུང་ཤེས་རབ་མིང་ཚིག་སྒྲ་ལྡན་པ་རྟེན།། སེམས་ཀྱི་ཡེ་ཤེས་སྣང་ཡང་རྟོག་པ་མེད།། སྣང་བ་གཟུང་འཛིན་མེད་པའི་སྒྲ་ཉིད་དེ།།
369b5 འབྲས་བུ་བྱང་ཆུབ་སེམས་དཔའ་ཉིད་འཐོབ་པོ།། ཟག་པ་མེད་པའི་ལུས་ཉིད་ལ།། ལྷ་ཡི་སྤྱན་དང་ལྡན་པ་འབྱུང་།། བསམ་པ་ལས་བྱུང་ཤེས་རབ་སྐྱེ།། རང་བྱེད་ཡེ་ཤེས་ཆེན་པོ་དེས།། ཆོས་ཉིད་ནམ་མཁའ་ལྟ་བུར་རྟོགས།། འབྲས་བུ་བདེ་བར་གཤེགས་པ
369b6 འཐོབ།། མ་བཙལ་རང་བྱུང་ཡེ་ཤེས་ལུས།། རྡོ་རྗེ་ལྟ་བུའི་ལུས་ཉིད་ལ།། ཡེ་ཤེས་སྤྱན་དང་ལྡན་པ་འབྱུང་།། བསྒོམ་པ་ལས་བྱུང་ཤེས་རབ་ཀྱིས།། སྙིང་པོ་རང་བྱུང་ཡེ་ཤེས་ཤར།། སངས་རྒྱས་ཆོས་སྤ་དྲི་མེད་འཐོབ།། འབྲས་བུ་སྒྲ་གསུམ་ལྷུན་གྱིས་གྲུབ།
369b7 ཟག་དང་བཅས་པའི་ལུས་ཉིད་ནི། གཟུགས་དང་ཚོར་བ་འདུ་ཤེས་དང་།། འདུ་བྱེད་རྣམ་པར་ཤེས་པ་རྣམས།། གཅིག་ཏུ་འདུས་པ་གཟུགས་སུ་སྣང་།། དེ་ཉིད་དག་ལ་བརྟེན་ནས་ན།། ཆུ་བུར་སྤྱན་དང་ལྡན་པ་འབྱུང་།། གསལ་བར་དཔག་ཚད་ཀྱང་གྲགས་མཐོང་།།




iiif viewer powered by OpenSeadragon

369a - 370a

Texts on this page

Gdg006.46 - rin po che rgyas pa chen po'i rgyud