e-texts navigator
Collection
Volume
Page
Wylie

366b1 བྱདམ་རྡོརྗེ་ཐམས་དཔའ་ཡིན།། ཡམས་ནིང་བྱུང་མིང་ལས་ཅིག་བྱུང་ནས།། མང་དོན་མཚོན་པར་བྱེད་པའི་ཡིག་བྱུང་།། རྒྱུ་ས་ཡིག་བྱུང་བའི་མི་གཡིན།། འབྱུང་བའི་ཡིག་མིང་དུ་བྱུང་བ་ཡིན།། བྱུང་ནས་གནས་པའི་ཡོག་ཡུལ་དུ་འགོད་པ་ཡིན།། བརྒྱད་པ་མེད་པར་བཏུད
366b2 པར་བྱུང་བ་ནི།། རང་བཞིན་རྣམ་དག་ལེ་སངས་རྒྱས་པ་ལས།། ཧཱུ~ཾ་དང་ལ་བ་དང་འབྲས་བུར་ཡོད་མ་ཡིན།། བསྒྲུབ་བྱ་ཀུན་དང་བྲལ་བ་གཞི་ཡི་རང་བཞིན་ལས།། ཇོ་བོ་ཉིད་ཀྱི་སྐུ་ལས་གཞི་ཡི་ཐལ་གསུམ་བྱུང་།། སྐྱེ་མེད་མཚོན་བ་ཀུན་ཏུ་བཟང་མོ་དང་།། སྐྱེབ་མཚོན་པ་ཀུན་ཏུ
366b3 བཟང་པོ་དང་།། གཉིས་མེད་མཚོན་པ་རྡོ་རྗེ་སེམས་དཔའ་དང་།། དེ་ལས་བརྒྱུད་པ་རྣམ་གསུམ་བྱུང་བ་ནི།། ཐུགས་ཀྱིས་ཐུགས་ལ་བརྒྱུད་པ་ཡིས།། ཆོས་ཀྱི་སྒྲ་ཡི་སྣང་བ་ཤར་བར་བྱུང་།། སྐུ་ཡིས་སྒྲ་ལ་བརྒྱུད་པ་ཡིས།། ལོངས་སྤྱོད་རྫོགས་པ་སྒྲ་ཡི་སྣང་བ་ཤར་བར་བྱུང་བའོ།།
366b4 གསུང་གིས་གསུང་ལ་བརྒྱུད་པ་ཡིས།། སྤྲུལ་པའི་སྒྲ་ཡི་སྣང་བ་ཤར་བར་བྱུང་བའོ།། རྟོག་པ་མེད་ལས་རྟོག་པ་བྱུང་བ་ནི།། གཞི་ཡི་སྒྲ་ལ་རྟོག་དང་བརྟག་ཡུལ་མེད།། དེ་ལས་བྱུང་བ་དག་ལ་རྟོག་ཡུལ་གཉིས་སུ་སྣང་།། ནང་ལྷའི་རིག་པར་ཤར་བས་སྐུ་དང་ཡེ་ཤེས
366b5 ཏྲོག། ཕྱི་ལྟའི་རིག་པ་ཤར་བས་བག་ཆགས་ཁམས་གསུམ་རྟོག། སྣང་བ་མེད་ལས་སྣང་བར་བྱུང་བ་ནི།། སྙིང་པོ་ཉིད་ལས་ཀྱི་ངང་ནང་མེད་ཀྱང་།། དེ་ལས་བྱུང་བས་ཕྱི་དང་ནང་དུ་སྦེང་།། ཕྱི་ཡི་སྣང་བ་ཀུན་ཏུ་བཟང་པོ་ལ།། ནང་གི་ངོ་བོ་ཀུན་ཏུ་བཟང་མོ་ཡིན།། དབྱེར
366b6 མེད་སྣང་བ་རྡོ་རྗེ་སེམས་དཔའ་ཡིན།། ནང་གི་རིག་པ་དེ་ལྟར་ཤར་བ་ཡིས།། གྱི་ཡི་སྣང་བ་ཀུན་ཡང་དེ་བཞིན་འཆར།། ཕྱི་ཡི་སྣང་བ་ཇི་ལྟར་ཤར་བ་བཞིན།། ནང་གི་རིག་པ་དག་ཀྱང་དེ་བཞིན་འཆང་།། དེས་ན་ཕྱི་དང་ནང་དུ་སྣང་བ་དབྱེད་མེད་དོ།། གཞི་ཉིད་དག་ལས་ཐམས་ཅད
366b7 རྫོགས་པས་ན།། གཞི་རྟོགས་པ་ནི་ཐམས་ཅད་རྟོགས་པའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། གཞི་ལས་བྱུང་བའི་ལེའུ་སྟེ་དྲུག་པའོ།། ། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་དེས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྐུ་དང་ཡེ་ཤེས་དག




iiif viewer powered by OpenSeadragon

366a - 367a

Texts on this page

Gdg006.46 - rin po che rgyas pa chen po'i rgyud