| | e-texts navigator
|
365a1 ཡང་ལྡན།། ཀུན་\ུ0f7fབཟང་མོ་རྩེ་མེད་ཡེ་ཤེས་དང་ཡང་ལྡན།། དབྱེད་མེད་གནས་པ་སྡུད་པ་པོ་ཉིད་དེ།། ཟུང་བ་སྡུད་པ་པོས་ནི་ཀུན་ཏུ་བཟུང་བ་ཆོས་རྣམས་འགག་མེད་བསྡུས།། འབྱུང་བའི་སྡུད་པ་པོས་ནི་ཀུན་ཏུ་བཟང་པོ་འཆོས་རྣམས་བསྡུས།
365a2 གྱུར་ནས་གནས་པའི་སྡུད་པ་པོས་ནི་རང་བཞིན་གཅིག་པར་དབྱེར་མེད་སྡུད་པའོ།། རྡོ་རྗེ་སེམས་པ་དཔའ་བོའི་སྣང་ཚུལ་ནི།། གཞི་ཉིད་ཅིར་ཡང་ངེས་པ་མེད་པ་ཡིས།། ཕྱི་ཉིད་དག་པས་ནམ་མཁའ་ལྟ་བུར་སྣང་།། ནང་ཉིད་དག་པས་ཡེ་ཤེས་ལྟ་བུར་སྣང་།། དབྱེར་མེད་དག་པས
365a3 ཕྱི་ནང་གཅིག་པར་སྣང་།། ཕྱོགས་ལྷུང་མེད་པས་གང་ལྟར་འདོད་པར་སྣང་།། ཐམས་ཅད་ང་ཡི་སྣང་བ་ཡིན།། ཕྱི་ནང་གསང་བ་ང་ཡིས་བསྡུས།། ང་ལས་མ་བྱང་སྣང་བ་ནི།། རྡུལ་ཙམ་དག་ནི་ཡོད་པ་མིན།། ཀང་ལྟར་སྣང་ཡང་རྡོ་རྗེ་སེམས་དཔའོ།། དབྱེར་མེད་ཇི་ལྟར་གནས
365a4 དཔེ་ནི།། ཀུན་ཏུ་བཟང་པོ་སྣ་ཚོགས་སྣང་བ་དང་།། ཀུན་ཏུ་བཟང་མོ་སྐྱེ་འགག་མེད་པ་དེ།། དབྱེར་མེད་སྡུད་པ་པོ་ཡིས་བསྡུས་པ་སྟེ།། དཔེར་ན་ཤེལ་དང་ཤེལ་གྱི་འོད་བཞིན་དུ།། རང་བཞིན་ཐ་དད་མ་ཡིན་ངོ་བོ་གཅིག་པར་གནས།། ཀུན་ཏུ་བཟང་བ་དར་གྱི་ཁ་དོག་བཞིན།། ཀུན་ཏུ
365a5 བཟང་མོ་དར་གྱི་སེང་པ་བཞིན།། སྡུད་པ་པོ་ནི་དར་གྱི་སྤྱི་བཞིན་གནས།། ཞི་འགག་མེད་པ་ཀུན་ཏུ་བཟང་པོ་སྟེ།། དེ་ཀུན་ངོ་བོ་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོ་ཉིད།། ཕྱེ་འགག་ངོ་བོ་གཅིག་པ་རྡོ་རྗེ་སེམས་དཔའ་སྟེ།། སྤུ་གྲིའི་སོ་དང་རྒྱུ་དང་ཁ་དོག་བཞིན།། ཀུན་ཏུ་བཟང་མོ་རྒྱ་ལ
365a6 རང་བཞིན་བྱུང་བ་ལ།། ཀུན་ཏུ་བཟང་པོ་ཁ་དོག་རང་བཞིན་གསལ་བ་ཉིད།། རྡོ་རྗེ་སེམས་དཔའ་སོ་ཡི་རང་བཞིན་གཅོད་པ་སྟེ།། ཉི་མའི་སྙིང་པོ་ཟེར་དང་འོད་དུ་གནས།། འོད་དང་ཟེར་ནི་སྙིང་པོས་བསྡུས་པ་སྟེ།། རྡོ་རྗེ་སེམས་དཔའ་ཉིད་ཀྱང་དེ་བཞིན་གནས།། ཀུན་ཏུ་བཟང་མོ
365a7 ཆོས་སྤུ་ཉི་ཡིན་ལ།། ཀུན་ཏུ་བཟང་མོ་ལོངས་སྐུ་ཡིན་པ་སྟེ།། རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུ་ལྟ་བུ།། དཔེར་ན་བློ་མའི་སྤྱི་དང་གསལ་དངས་གཟུགས་བརྙན་བཞིན།། དབྱེར་མེད་སྤྱད་པ་རྡོ་རྗེ་སེམས་དཔའ་ཉིད།། སྡང་ཚད་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ།། སྔ་རྣམས
iiif viewer powered by OpenSeadragon
364b - 365b