e-texts navigator
Collection
Volume
Page
Wylie

363a1 ཀུན་ལས་འདས།། སྒྲ་ལས་རྒྱལ་བའི་གསུང་མཆོག་སྟེ།། ངག་ཏུ་བརྗོད་པ་གསུང་མ་ཡིན།། ཚིག་ཏུ་སྣང་བ་དངོས་མ་ཡིན།། བརྗོད་ཅེས་གསུངས་པ་དོན་མ་ཡིན།། འཁོར་རྣམས་སོ་སོའི་སྣང་བ་ལས།། བརྗོད་པའི་རྒྱུ་དང་བརྗོད་པའི་ཡུལ།། ཊ་དང
363a2 ང་ཡིས་མ་བརྗོད་ཀྱང་།། རྒྱལ་བའི་སྲས་པོ་ཅང་མི་གསུང་།། མ་གསུངས་པས་ནི་རྒྱ་ཆེར་བཤད།། སྨྲས་པའི་དོན་རྣམས་ཡོད་མ་མཐང་།། རང་བྱུང་རང་ཞིའི་གསུང་ཉིད་དོ།། སྙིང་པོ་སྤོས་བྲལ་གསུང་ཉིད་ཀྱིས།། ཐམས་ཅད་དེ་བཞིན་ཉིད་དུ་གསལ།། གདལ་ཁྱབ་རིག་པའི
363a3 གསུང་ཉིད་ཀྱིས། རིག་པ་བརྗོད་དུ་མེད་པའི་གསུང་།། གསལ་པ་རྟོགས་མེད་གསུང་ཉིད་ཀྱིས།། དབྱེར་མེད་བྱང་ཆུབ་སེམས་ཞུགས་ལ།། མཚོན་བྱ་བརྡ་དོན་གསུང་ཉིད་ཀྱིས།། སྒྲ་མིང་ལ་བརྟེན་དོན་དུ་གསལ།། གསུང་ལས་གསུང་བྱུང་གསུང་སྣང་བའོ།། ཀུན་ཏུ་བཟང་པོ
363a4 ཐུགས་ཀྱི་སྣང་ཚུལ་ནི།། རང་བྱུང་གད་ནས་དག་པ་ཡི།། ཡེ་ཤེས་ཡེ་ཤེས་ལས་བྱུང་བས།། དུས་གསུམ་འབྲལ་བ་མེད་པའི་ངང་།། མི་སྐེ་མི་འབྲལ་ནམ་མཁའི་ཐུགས།། ཐུགས་རྗེམ་གཡོས་འགྲོ་བའི་དཔལ།། ཡེ་ཤེས་དབྱིངས་ལས་མ་གཡོས་པར།། སོ་སོའི་ཏིང་འཛིན་སྣ་ཚོགས
363a5 གསལ།། རྟགས་ཏེ་བལྟ་དུ་ཡོད་པ་མིན།། སྣང་སྟེ་བསྒོམ་དུ་ཡོད་པ་མིན།། ཤེས་ནས་སྤྱད་དུ་ཡད་པ་མིན།། རང་ལས་བྱུང་ཞིང་རང་ལས་གི།། འབྲས་བུ་རང་བྱུང་རབ་ཞིའོ།། ཀུན་བཟང་ཐུགས་ཀྱི་རང་བཞིན་ནོ།། སངས་རྒྱས་ཐམས་ཅདང་ལས་བྱུང་།། ཡེ་ཤེས་ཐམས་ཅད་ང་ལས
363a6 བསྐྱེད།། ང་མེད་ང་ཡི་སྔོན་རོལ་ནས།། ང་ཡང་ང་མེད་ང་ཉིད་ངའོ།། དེ་ནི་མེ་ལོང་བཞིན་སྣང་བས།། སྒེག་མོས་བལྟས་ན་མཐོང་བའོ།། ཐུགས་ལས་ཐུགས་བྱུང་ཐུགས་སྣང་བའོ།། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཀུན་ཏུ་བཟང་པོའི་རང་བཞིན་བསྟན་པའི་ལེའུ་སྟེ་གཉིས
363a7 པའོ།། སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཀུན་ཏུ་བཟང་པོའི་གནས་ལུགས་དང་།། ཀུན་ཏུ་བཟང་མའི་ངོ་བོ་དང་།། ཀུན་ཏུ་བཟང་མོའི་སྡང་ཚུལ་དང་།། ཀུན་ཏུ་བཟང་མོ་དཔེ་ཡིས་མཚོན་བྱེད་དང་།




iiif viewer powered by OpenSeadragon

362b - 363b

Texts on this page

Gdg006.46 - rin po che rgyas pa chen po'i rgyud