| | e-texts navigator
|
362b1 ཡོངས་འ་ཁྱབ་པ་འདུ་འབྲལ་མེད་པ་ཉིད།། འཕེལ་འགྲིབ་མེད་པ་ཐམས་ཅད་འབྱུང་བའི་གཞི།། ཀུན་ལ་ཡོད་ཀྱང་དེ་ཉིད་གཟུགས་མ་ཡིན།། རིས་མེད་འདུས་མ་བྱས་པས་མཚོན་དུ་མེད་པ་སྟེ།། ཞི་འགག་མེད་པས་ཐམས་ཅད་འབྱུང་བ་སྟེ།། གོས་པ་མེད་པས་རང་བཞིན་དག
362b2 ཡིསྐུ།། དེ་བཞིན་ཐོགས་པ་མེད་པས་གང་ལྟར་བརྟགས་པར་སྣང་།། དངོས་པོ་སྒྱུ་མར་མེད་པས་ཐམས་ཅད་ཀུན་བཟང་ཉིད།། གོང་ལྟར་མཐོང་བ་རྟགས་དེ་ཉིད་དག་པ་ལ།། དེ་ལས་གཞན་ཞིག་སྣང་བ་ཡོད་མ་ཡིན།། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས།། སྐྱེ་བའི་ཆོ་འཕྲུལ
362b3 ས་ཅིར་ཡང་སྣང་།། ཐུགས་རྗེ་ཐབས་མཁས་རོལ་བ་ཅིར་ཡང་འཆར།། སྟོད་དང་སྐྱེ་བར་སྣང་བ་དབྱེར་མེད་པས།། མཐའ་རྣམས་ཀུན་ལས་འདས་པས་འདི་ཞེས་བརྗོད་དུ་མེད།། ཡེ་ནས་ང་ནི་དག་པའི་སྒྲ།། ཀུན་ཏུ་བཟང་ཞེས་རྩེ་བ་ནི།། ཐམས་ཅད་ཀུན་གྱི་སྒྲ་སྨིན་པས།། ཡེ་ནས་ངནྡེ་རྩ
362b4 བའི་སྐུ།། ཡི་ནས་ང་ནི་བྱང་སེམས་སྐུ།། ཡེ་ནས་ང་ནི་འཕགས་པའི་སྐུ།། ཡེ་ནས་དེ་ནི་དགྲ་བཅོམ་སྐུ།། ཀུན་ཏུ་བཟང་པོ་མཉམ་པའི་ངང་།། མི་འགྱུར་བདེ་བ་གཡུད་དྲུང་སྐུ།། ཐིག་ལེ་ཉག་གཅིག་སྤོས་མེད་སྐུ།། ཐབས་མཁས་ཅིར་ཡང་འཆར་བའི་སྐུ།། སྣ་ཚོགས་རང་སྣང་ཆེན་པོ་ཡིས།།
362b5 ཡེ་འབྱམས་ཆེན་པོའི་བདག་ཉིད་དེ།། ར་བྱུང་འཆར་བའི་སྐུ་ཉིད་ལས།། གྲུ་ལས་གྲུ་འགྱུང་སྒྲ་སྣང་བའོ།། ཀུན་ཏུ་བཟང་པོའི་གསུང་གི་སྣང་ཚུལ་ནི།། ལོག་རྟོགས་ཉོན་མོངས་སྤངས་པ་ཡིས།། གསུང་མཆོག་འདི་ནི་གྲུབ་པ་མེད།། ངེས་པའི་དོན་གྱི་སྙིང་པོ་ལས།། རང་བྱུར་རང་།
362b6 ཞི་རང་སྒྲ་ཡིས།། ཡེ་ཤེས་རང་བྱུང་རང་སྒྲ་ཡིན།། ཡེ་ཤེས་འགག་མེད་སྙིང་པོའི་གསུང་།། ཨ་བཙལ་མ་སྒྲུབས་རང་བྱུང་སྟེ།། བདེ་སྐྱོང་རིག་སྟོང་གསལ་སྟོང་སྒྲ།། ཀུན་ཁྱབ་གོས་པ་མེད་པའི་སྒྲ།། གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ།། རྟོག་མེད་སྒྲ་ཆེན་འབྱམས་པའི་གསུང་།། དུས
362b7 གསུམ་རྐུན་མི་འཆད་པར་འབྱུང་།། དབྱིངས་ཀྱི་གསུང་ལས་མ་འདས་ཀྱང་།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ།། འདུལ་བའི་གཉེན་པོ་བརྒྱད་ཁྲི་དང་།། བཞི་སྟོང་དེ་དག་འབྱུང་བ་ཡིན།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བརྗོད་དུ་མེད་པ་བརྗོད་པ་ཆེན་པོའི་མཆོག། མིང་ཚིག་ཡི་གེ
iiif viewer powered by OpenSeadragon
362a - 363a