| | e-texts navigator
|
358b1 རྫོགས་པ་ཆེན་པོའི་སྤྱོད་པ་ནི།། རང་བྱུང་བཀླག་པ་མ་ཡིན་ཏོ།། རང་བྱུང་རྩོལ་བས་བསླབ་པ་མིན།། རང་སྣང་མ་བཅས་སེམས་ཀྱི་རྒན།། ཞེས་གསུངས་སོ།། གསང་བ་རྒྱརྒྱུད་ལས། སྟོང་པ་བསྟན་པའི་ལེའུ་སྟེ་བརྒྱད་ཐ་པའོ།། ། དེད།
358b2 གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་རིག་པ་རང་དབང་ཇི་ལྟ་ཁྲི་ཞུས་པས། གསང་བདག་ཆེན་པས་གསུངས་པ།། རང་དབང་སེམས་ལ་ཐོབ་པ་ནི།། དབང་ནམ་མ་ཐུན་གྱི་མཆོག་ཡིན་ཏ།། གཞིནས་དབང་ཐོབ་བསྐུར་མི་དགོས།། ཤེས་རིག
358b3 རྒྱལ་པོ་དབང་གི་མཆོག། དཔུང་རྣམས་ཀུན་གྱི་སྙིང་པོ་ཡིན།། བྱ་ཐལ་དམ་པའི་སེམས་ལ་གནས།། ཚིཆོག་གིས་རྟོག་པའི་ཡུལ་ལས་འདས།། རང་དབང་དམ་པ་སེམས་ལ་གནས།། ཡོ་བྱད་དག་ལ་རག་མ་ལས།། རིག་པ་སྟི་བླག་ཚངས་པའི་དབང་།། 6།
358b4 ཐབས་ལྕི་བླུགས་བསྐུར་ཐབས་སོ།། གཉིས་ཀྱི་མཐའ་རུམ་ལྷུང་བ།། དབྱེར་མེད་རིག་པ་ཚིག་རྫོགས་སོ།། པ་ཡི་དབང་ལ་བུ་ཡི་ཉམས།། དབྱེར་མེད་དབང་བསྐུར་ཐོབ་པའོ།། བྱ་བཏང་འཛིན་མེད་དང་དུ་བདེ།། དབང་མཆོག་འོད་གསལ་རྒྱལ་བའི་དབང་།
358b5 གང་ཟག་གཅིག་ལ་ལྟོས་པ་མེད།། ཀློང་ཆེན་འོད་གསལ་བདེ་བའི་མཆོག། དབྱིངས་ཉིད་རྣམ་དག་ཐིག་ལེ་ཆེ།། མ་བཅོས་པ་ཡི་རང་བཞིན་ནི།། ཡེ་ནས་གནས་པས་ཇིག་ལེ་ཆེ།། ཡང་དག་དོན་ལོ་ནོར་པ་མེད།། དེས་ན་རིག་པ་རང་གི་དབང་།། དེ་འདྲིའི་དོན་ནི
358b6 མི་ཤེས་ན།། ཐུན་མོང་གཞན་ལ་མོས་པ་མེད།། རིམ་གྱིས་ནོད་པ་ཐབས་ཡིན་ནོ།། གསང་སྔགས་བརྡའ་སྒོ་དབང་གིས་དབྱེ།། གང་ཡང་མེད་པའི་གང་ཟག་ནི།། རིགས་ལས་འགལ་བས་བསྟན་མི་བྱ།། བསྟན་ན་བདག་གཞན་གནས་སུ་བསྲེང། ཅེས
358b7 གསུངས་སོ།། གསང་བ་སྤྱི་རྒྱུད་ལས། དབང་གི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་གསང་བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་དཀྱིལ་འཁོར་དེ་ལྟ་བུ་ཞུས་པས། གསང་བདག་ཆེན་པོས་གསུངས་པ། དཀྱིལ་འཁོར་དཀྱིལ
iiif viewer powered by OpenSeadragon
358a - 359a