| | e-texts navigator
|
355a1 སོགས་ཏེ།། བདེ་བའི་དོན་མེད་སྟོང་པར་འགྱུར།། དེ་ལ་དོན་འདི་བསྟན་པར་བྱ།། མུ་སྟེགས་རྟག་དང་ཆད་རྣམ་གཉིས།། དགེ་སྡིག་ལས་ཀྱི་ཆོས་རྣམས་ལ།། འབྲས་བུ་ཡོད་པར་མརྟོགས་ཏེ།། ཆད་པའི་མཐའ་དྲ་ལུང་བའོ།། རྟག་པར་ལྟ
355a2 སེམས་ཅན་གྱིས།། ཡོད་པ་རྣམ་པ་བཞི་མཐོང་སྟེ།། ང་གཙང་སྐྱིད་རྟག་བཞི་མཐོང་ནས།། བླང་དོར་མེད་པའི་ཆོས་མ་ཤེས།། སྐྱེ་བ་མེད་པའི་དོན་མ་མཐོང་།། རྟག་པའི་མཐའ་རུ་ལྟུང་བའོ།། ཞེས་གསུངས་སོ།། གསང་བ་སྤྱི་རྒྱུད་ལས། འཇིག་རྟེན་པའི་ཐེག་པའི་ལེའུ
355a3 སྟེ་བཅུ་གཉིས་པའོ།། ། དེ་ནས་གསང་བདག་ཆེན་པོ་ལ་སེམས་དཔའ་རྡོརྗེ་ས་འཇིག་རྟེན་ལས་འདས་པའི་ཐེག་པ་ཞུས་པ།། གསང་བདག་ཆེན་པོས་གསུངས་པ།། འཇིག་རྟེན་འདས་པའི་ཐེག་པ་ལ།། རྣམ་པ་གཉིས་སུ་ཕྱེ་ནས་བསྟན།། མཚན་ཉིད་རྒྱལ
355a4 ཐེག་པ་དང་།། འབྲས་བུ་རྡོ་རྗེའི་ཐེག་པའོ།། མཚན་ཉིད་རྒྱུ་ལ་རྣམ་པ་གསུམ།། སྡུག་བསྔལ་སྤོང་བའི་ཉན་ཐོས་དང་།། ཤེས་པ་འགེག་པའི་རང་རྒྱལ་དང་།། རྣམ་རྟོག་སྦྱོང་བའི་མདོ་སྡེ་གསུམ།། སྡུག་བསྔལ་སྤོང་བའི་ཉན་ཐོས་ནི།། བརྟུལ་ཞུགས་དག་གིས་སྤོང་བར་བྱེད།། ཤེས
355a5 པ་འགེག་པའི་རང་རྒྱལ་ནི།། མ་རིག་རྟེན་འབྲེལ་བཅུ་གཉིས་འགེག། རྣམ་རྟོག་སྦྱོང་བའི་སྡེ་བ་ནི།། ཆོས་ཉིད་སྟོང་པ་ནམ་མཁའ་སྟེ།། ཇི་ལྟར་དམིགས་པ་བཞིན་གྲུབ་པ།། སྒྱུ་མའི་དཔེ་བརྒྱད་ལྟ་བུར་འདོད།། འབྲས་བུའི་ཐེག་པ་ལ་ཡང་གསུམ།། བྱ་བའི་སྡེ་དང་གཉི་ག་དང་། རྣལ
355a6 འབྱོར་རྒྱུད་དང་རྣམ་པ་གསུམ།། བྱ་བ་བྱེད་པ་ཀྲེ་ཡ་ནི།། ཡན་ལག་བཅུ་གཅིག་ཆོ་ག་ཡིས།། ཀྱལ་བའི་སྐུ་གསུང་ཡེ་ཤེས་འདོད།། གཉིས་ཀ་སྤྱོད་པའི་ཨུ་པ་ཡ།། པྲི་ཡར་སྤྱོད་ཅིང་ཡོ་གང་བསྲུང་།། འབྲེལ་མེད་སྒོ་ནས་བསྒྲུབ་པར་འདོད།། རྣལ་འབྱོར་པ་ལ་རྣམ་པ་གཉིས།།
355a7 བྱི་བ་ཐུབ་པའི་ཡོ་ག་ནི།། བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི།། ཆུ་ཟླ་བཞིན་དུ་འགྲུབ་པར་འདོད།། ནང་པའི་རྣལ་འབྱོར་རྣམ་པ་གསུམ།། སྤྱོད་དང་རྫོགས་དང་རྫོགས་ཆེན་གསུམ།། བསྐྱེད་པ་མ་ཧ་ཡོ་ག་ནི།། རྣམ་པ་གསུམ་ནི་རིམ་བསྐྱེད་དེ།། ཡོ་བྱད་མ་ཉམས་འཇུག་བཙོན་ན།
iiif viewer powered by OpenSeadragon
354b - 355b