e-texts navigator
Collection
Volume
Page
Wylie

353a1 ཏུ་སུ་སྨྲ་ནག་ཏུ། སུ་ན་ན་མས་ག
353a2 ཆོས་ཆེན་པོ།། མཚོན་དུ་མེད་པས་དམིགས་དང་བྲལ།། ངོས་གཟུང་མེད་པས་འཛིན་སེམས་མེད།། འཛིན་ཐལ་སྟོང་པའི་ཡེ་ཤེས་ཉིད།། འདོད་པའི་འབྲས་བུ་ཐུགས་ལས་འཆར།། བརྒྱད་ཁྲིའི་སྒོ་ཡང་སོ་སོར་ཕྱེ།། མ་བཅོས་སེམས་ཀྱི་ངོ་བོར་འདུས།། བྱང་ཆུབ
353a3 སེམས་ནི་ཀུན་གྱི་གའི།། སངས་རྒྱས་ཉིད་ལས་གཞན་མ་ཡིན།། ཕྱོགས་སུམ་བཟུང་དེས་མེད་པ།། འདོད་པའི་ཕྱོགས་ལ་འཛིན་པ་མེད།། གསལ་འགྲེབ་མེད་པའི་ཡེ་ཤེས་ནི།། ཉི་མའི་དཀྱིལ་འཁོར་བཞིན་དུ་གསལ།། སྦྱིནང་མི་མངའ་མན་ཤེལ་གཟུགས།། དེ་ལས་དབྱུང་ངོམ
353a4 ཀླན།། ཕྱོགས་རིས་མེད་པའི་འོད་ཀྱི་བྱ།། མདུན་ཐཔ་མེད་པར་ཐལ་ལབ།། གསལ་བའི་དང་ལས་རིན་པོ་རྗེ།། འདོད་པའི་འབྲས་བུ་འབྱུང་བའི་མཆོག། དཔག་པས་མ་ཤིང་བཞིན་ལྷན་གྱིས་ཐུབ།། གཞན་ལས་འབྱུང་བའི་ཆོས་མ་ཡིན།། བླང་བ་ལྔ་ཡི་དཀྱིལ་འཁོར་ནས།། སྟ
353a5 འབྲས་བུ་དང་ལས་བྱུང་།། ཞེས་གསུངས་སོ།། གསང་བ་སྟི་རྒྱུད་ལས། ཡང་གྱི་ཏོགས་ཚུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེས་གསང་བདག་ཆེན་པོ་ལ་ཞུས་པ། ཡང་གྲི་རྟོགས་ཚུལ་དེ་ལྟར་རྟོགས་པ་ལྔ།། འགྲོ་དྲུག་སེམས་ཅན་མཏོགས་ཇི་ལྟར
353a6 འཁྲུལ།། གསང་བདག་ཆེན་པོས་གསུངས་པ།། ཐོ།། མེད་དུས་ན་དོན་མི་གསལ།། རྒྱུ་དང་ལོག་གཅོད་ཐབས་དང་བྲལ།། སྤྲིན་དང་མུན་པའི་ལིང་ཏོག་གིས།། རྫས་གང་མི་མཐོང་བསྒྲིབས་པ་བཞིན།། ཆུ་རྐྱེན་ངོ་བོ་ཚུལ་དུས་ཀྱིས།། བལྟ་བྱའི་སྙིང་པོ་མཐོང་བ་མེད།། མ་མང་འགྲོ་འདོད
353a7 དབང་རྒྱ་བ་ཡིས།། ས་ཁུང་སྟི་ཐུས་ཟིན་པ་བཞིན།། གཞིག་འདོད་པའི་ཉིས་ཟིན་ནོ།། མེད་སྣང་ལོག་པར་མཐོང་བ་ཡིས།། མཁའ་ལ་སྐྲ་ཤད་འཁོར་ལོ་དང་།། གངས་ལ་སེར་པོར་མཐོང་དང་འདྲ།། དངས་མའི་འོད་ལས་ཟེར་ལྔ་ཤང་།། མེད་ལས་ཡོད་གཟུང་ལྔ་པོ་ལས།། @




iiif viewer powered by OpenSeadragon

352b - 353b

Texts on this page

Gdg006.45 - gsang ba spyi rgyud ces bya