e-texts navigator
Collection
Volume
Page
Wylie

352a1 དོན་འགྲེལ་བཤད།། སང་ཕྲུག་རྩལ་སྤོང་ལྟ་བུ་ཡིས།། ཚིག་གི་བསྐོལ་མཚམས་ཕྱེ་ལ་བཤད།། རིག་པ་སུམཐུན་ལྟ་བུ་ཡིས།། གང་ཡིན་དམིག་ནས་བཟུང་ལ་བཤད།། ཚད་མ་གསུམ་གྱི་གཏན་ཚིགས་ཀྱིས།། རྫས་ཀྱི་འབྲག་དང་ཐར་ལ
352a2 བཤད།། གླག་མོ་གཟན་ལ་འདུམས་འདྲ་ཡིས།། གོལ་སྒྲིབ་གདར་ཤ་བཅད་ལ་བཤད།། ཅེས་གསུངས་སོ།། གསང་བ་སྤྱི་རྒྱུད་ལས། བཤད་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེས་གསང་བདག་ཆེན་པོ་ལ་གསོལ་པ།། ཇི་ལྟར
352a3 གནས་ལུགས་ཇི་ལྟར་ལགས། གསང་བདག་ཆེན་པོས་གསུངས་པ།། སྟོན་པ་སེམས་ཉིད་རྫོགས་ཆེན་ལ།། ཡེ་ནས་གཉིས་མེད་མཉམ་པའི་ཕྱིར།། གཅིག་ལ་གཉིས་སུ་དབྱེ་རུ་མེད།། དབྱེ་རུ་མེད་པའི་གཏན་ཚིགས་ནི།། གཅིག་མེད་སྤྲོས་པ་མེད་པ་ཡིན།། སྤང
352a4 འགེག་སྦྱོང་ཞིང་བགྲོད་པ་དང་།། གཟུང་འཛིན་བླང་དོར་བྱ་བ་དང་།། ལྟ་སྤྱོད་རྩོལ་བསྒྲུབ་བྱར་མེད་དེ།། ལམ་དང་གཉེན་པོས་བཅོས་མེད་པར།། བྱང་སེམས་མཉམ་པའི་རང་བཞིན་དུ།། ང་ཡིས་བསྟན་པའི་དོན་འདི་ནི།། བྱང་ཆུབ་སེམས་དཔའི་ལུང་ཆེན་ཡིན།། མ་གཡོས
352a5 ཐིག་ལེ་མཉམ་པ་ཉིད།། མིང་དང་དོན་དང་དཔེ་དང་ནི།། རང་བཞིན་མཚན་ཉིད་སེལ་ལུགས་སོ།། སངས་རྒྱས་སེམས་ཅན་གཉིས་མེད་པས།། སེམས་ལ་བླ་དོར་བྱ་རུ་མེད།། སེམས་ཉིད་རྫོགས་པ་ཆེན་པོ་ལ།། ཐམས་ཅད་ལྡན་གྱིས་གྲུབ་པའི་ཕྱིར།། བདེ་དང་སྡུག
352a6 གཅིག་ཕྱིར།། སྙིང་པོ་བྱང་ཆུབ་སེམས་རྟོགས་ན།། དུས་ལ་ལྔ་རྒྱ་མེད་པར་གཅིག། འདི་ཡིན་འདི་མིན་དང་གིས་མེད།། སེམས་ལ་གཟུང་རྐྱེན་མེད་པས་ན།། དོན་ལ་བསྒོམ་དུ་མ་མཆིས་ཏེ། དེས་ན་འདི་ཡིན་ངེས་པ་མེད།། སྙིང་པོ་བྱང་ཆུབ་སེམས་འདི་ལ།། །
352a7 བསམ་པའི་དོན་ལས་འདས།། བརྗོད་དུ་མེད་པའི་རང་ལ་གནས།། དེ་ལྟའི་སྙིང་པོ་བྱང་ཆུབ་སེམས།། བསྟན་པའི་སྙིང་པོར་གྱུར་པས་ན། སངས་ཀྱིས་ཀུན་གྱིས་རབ་ཏུ་བསྔགས།། བྱ་བྱེད་རྩོལ་བསྒྲུབ་མི་མངའ་བས།། བདེ་ཆེན་ཀློང་དུ་ཇི་བཞིན་གནས།། ཡང་དག་འདི་འདྲ




iiif viewer powered by OpenSeadragon

351b - 352b

Texts on this page

Gdg006.45 - gsang ba spyi rgyud ces bya