| | e-texts navigator
|
351b1 བདག་ཆེན་པོ་ལ། སེམས་དཔའ་རྡོ་རྗེས་ཞུས་པ།། ཡི་གེའི་བྱེ་བྲག་དེ་དག་ལ།། རྒུད་དུ་འགྲོ་བ་ཇི་ལྟར་ལགས།། གསང་བདག་ཆེན་པོས་གསུངས་པ།། སྤ་དང་ཚིག་དང་གླེགས་བམ་དང་།། ངོ་བོ་ངེས་ཚིག་དབྱེ་བ་དང་།། དགོངས་གཞི་མཐུན་དཔེ་ལྡང་ཚད་དང་།། མཛད
351b2 དང་ཆེ་ཚུལ་ཁྱད་པར་རོ།། སྣང་བ་གསུམ་ལ་རྒྱུད་གསུམ་དང་།། དཀར་ཤད་དག་དང་རང་བཞིན་དག། ཡེ་ཤེས་དག་ལ་མུ་གསུམ་མོ།། ཀུན་ཀྱང་ཆུད་ཀྱི་རང་བཞིན་ཏེ།། རྒྱུད་མ་ཡིན་པ་གཅིག་ཀྱང་མེད།། བདུན་དང་དགུ་དང་བཅུ་གཅིག་ནི།། དེ་ལྟར་རྒྱུད་ལས་འབྱུང་བའོ།
351b3 ཞེས་གསུངས་སོ།། གསང་བ་སྤྱི་རྒྱུད་ལས། རྒྱུད་ཀྱི་བྱུང་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེས། གསང་བདག་ཆེན་པོ་ལ་གསོལ་བ།། རྒྱུད་ཀྱི་བྱང་ཚུལ་དེ་ལྟར་བྱུང་བ་ལ།། དེ་ཡི་བཤད་ཐབས་ཇི་ལྟར་ལགས།། གསང་འད
351b4 ཆེན་པོས་གསུངས་པ།། བཤད་པ་ཉེས་པའི་སྐྱོན་དང་ནི།། བཤད་ཐབས་བཅུ་ཡི་ཡོན་ཏན་ནི།། རིམ་པར་ཕྱེ་སྟེ་སོ་སོར་བཤད།། མདོ་སྔགས་ཁྱད་པར་མ་ཕྱེན།། ཆུ་དང་འོ་མ་འདྲེས་པ་འདྲ།། གསང་སྔགས་ཕྱི་ནང་མ་ཕྱེད་ན།། མང་པོ་ཁྲོམ་དུ་འཆོལ་བ་འདྲ།། དགོངས་པའི་གོ
351b5 རིམ་མཕྱེང་ན།། མར་དང་སྤྲིན་གཉིས་བསྲེས་པ་འདྲ།། རྒྱུད་ཀྱི་འཁྲུགས་བསྡེབ་མ་ཤེས་ན།། ལུང་པ་གསུམ་གྱི་མདོར་ཕྱིན་འདྲ།། འབྲེལ་ཚུལ་ངོ་སྤྲོད་མ་ཤེས་ན།། སྨྱོན་པ་ཆུ་ཅོར་སྦ་བ་འདྲ།། བསྟན་པའི་དགོས་ཆེད་མ་ཤེས་ན།། དོན་མེད་བརྫུན་ཚིག་སྒྲུབ་འདྲ།། མི་མཐུན་འགལ
351b6 བསྒྲེབ་མ་ཤེས་ན།། ངལ་བདོན་མེད་ལམ་ཞུགས་འདྲ།། རྒོལ་རྩོ་དགགས་སེལ་མ་ཤེས་ན།། རྐུན་མོ་གཏང་ཁུང་བཙུད་པ་འདྲ།། ཡོན་ཏན་བཤད་ཐབས་རྣམ་པ་བཅུ།། ཁྲུང་ཆེན་ནམ་མཁར་ལྡིང་བའི་བློས།། དོན་གྱི་སྤྱི་ཁོག་ཕུབ་སྟེ་བཤད།། སེང་གེ་གངས་ལ
351b7 མཆོངས་འདྲ་ཡིས།། ཐེག་དམན་ཟིལ་གྱིས་མནན་ལ་བཤད།། སྟག་མོ་མཆོངས་པ་ལྟ་བུ་ཡིས།། དཀྱུས་ཀྱིས་བཅང་བྱས་ཏེ་བཤད།། རུས་སྦལ་ཆུར་འགྲོས་ལྟ་བུ་ཡིས།། ཚིག་གི་འབྲུ་རྣམས་གཉེར་ཏེ་བཤད།། ངང་པ་གཤིབས་འགྲོས་ལྟ་བུ་ཡིས།། སྔ་ཚིག་ཕྱི་ཚིག
iiif viewer powered by OpenSeadragon
351a - 352a