| | e-texts navigator
|
351a1 བསྡུས་ནས།། སྤྲོས་པ་མེད་པའི་དོན་བསྟན་ན།། སྡུད་པར་བྱེད་པའི་འགྲེལ་པ་ཡིན།། རྙོག་དང་འབྲུ་ཡི་དོན་འདི་ནི།། ཆོག་པར་འབྲུ་ཡི་འགྲེལ་པར་བཤད།། འདྲ་དང་ཡིན་མིན་དོན་འདི་ནི།། དབ་དོན་ཏུ་འབྲས་འགྲེལ་བར་བཤད།། བརྟགས་ཏེ་གཏན
351a2 ཚེགས་འབྱིན་པ་ན།། གཏན་ཚིགས་དག་གི་འགྲེལ་པར་བཤད།། སོ་སོའི་སྡེ་ཚོན་རིས་འབྱེད་ན།། ས་གཅོད་པ་ཡི་འགྲེལ་པར་བཤད།། རྩ་བ་གཅིག་ཏུ་དོན་སྟོན་ན།། སྡུད་པར་བྱེད་པའི་འགྲེལ་པར་བཤད།། ཆོ་ག་པར་འབྲུ་ཡི་འགྲེལ་པ་ཡིས།། ཚིག་དང་འབྲུ་ཡང
351a3 གཅིག་མི་ལས།། འབྲུ་ལ་ལྷག་མ་མི་ལྔས་ཏེ།། འབྲུ་འཇོམས་པ་ཡི་འགྲེལ་པར་བཤད།། དཔེ་དོན་ཆུ་འབྲས་འགྲེལ་པ་འདིས།། འདྲ་དང་ཡིན་མིན་དོན་བསྟན་ནས།། ཆོས་དེ་ལ་ནི་མིང་དུ་འདོགས།། ངོ་བསྟན་པ་ཡི་འགྲེལ་པར་བཤད།། གཏན་ཚིག་ས་དོན་གྱི་འབྲེལ་པ་ནི།།
351a4 མནོར་པ་ཡི་སྙིང་པོ་འབྱིན།། དོན་འབྱིན་པ་ཡི་འགྲེལ་པར་བཤད།། དོན་གྱི་འགྲེལ་པ་ལྔ་པོ་ལ།། མ་བཤད་སྐྱོན་ཡང་ཡོད་པ་སྟེ།། ཆོག་པར་འབྲུ་ཡི་འགྲེལ་མེད་ན།། ཚིག་པར་འབྲུ་ཡི་ཚིག་མི་སྡེབས།། འབྲུ་མ་ཆོམས་པའི་སྐྱོན་དུ་འགྱུར།། དཔེ་དོན་ཏུ་འབྲས་འགྲེལ
351a5 མེད་ན།། ཆོས་ལ་མིང་གིས་མི་ཐོགས་ཏེ།། མཚོན་དུ་མེད་པའི་སྐྱོན་དུ་འགྱུར།། གཏན་ཚིགས་དག་གི་འགྲེལ་མེད་ན།། དོན་གྱི་རྩ་བ་མི་རྙེད་དེ།། དོན་མི་རྟོགས་པའི་སྐྱོན་དུ་འགྱུར།། འབྱེད་པར་བྱེད་པའི་འགྲེལ་མེད་ན།། སོ་སོའི་བྱེ་བག་མི་ཕྱེད་དེ།། ས་མི་ཆོད་པའི་སྔོན
351a6 འགྱུར།། སྡུད་པར་བྱེད་པའི་འགྲེལ་མེད་ན།། རྩ་བ་གཅིག་ཏུ་མགྱུར་ཏེ།། མཐའ་ཡས་པ་ཡི་སྐྱོན་དུ་འགྱུར།། དེས་ན་འགྲེལ་པ་ལྔ་པོ་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་ཚིག་ཏུ་ངས་སྨྲས་པ།། འཁོར་གསུམ་ཁྱེད་ལ་སོགས་པ་ཀུན།།
351a7 གསང་བདག་ཆེན་པོ་ང་ཡེ་ལུང་།། བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། རྟོགས་པར་བྱ་ཕྱིར་འབྲེལ་ལྔ་འདི།། ང་ཡིས་ཁྱེད་ལ་བསྟན་པ་ཡིན།། ཞེས་གསུངས་སོ།། གསང་བ་སྤྱི་རྒྱུད་ལས། ཡི་གེའི་དོན་བཤད་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གས
iiif viewer powered by OpenSeadragon
350b - 351b