e-texts navigator
Collection
Volume
Page
Wylie

350a1 སླེབ་གཅིག་སྟེ་གཉིས་མི་མངལ།། གསེར་དང་སེར་པོའི་དཔེ་བཞིན་ནོ།། མི་ཀྱེ་ཏོག་མེ་བྱུ་བ་བྲལ།། འབྱུང་མེདའ་གྲོ་འོང་མེད་པའི་མཆོག། ཅེས་གསུངས་སོ།། གསང་བསྟེ་རྒྷད་ལས། བྱང་བཞིའི་ལེའུ་སྟེ་དང་པའོ།།
350a2 དེ་ནང་སེམས་དཔའ་རྡོ་རྗེས། གསང་བདག་ཆེན་པོ་ལ་གསོལ་པ། སྟོན་པའི་གླེང་གཞི་དེ་ལྟར་གསུངས་པ་ལ། སྦ་དང་ཡི་གེ་གང་ལས་བྱུང་བ་ལགས་གསོལ་པས། སྟོན་པ་གསང་བདག་ཆེན་པོས་གསུངས་པ། ཡི་གེའི་གཙོ་བོ་བྱེ་བ་མེད།། དེ་ནས་ཡན
350a3 ལག་རྒྱུ་ཡི་ཡི་གེ་བྱུང་།། དེ་ལས་གཙོ་བོའི་ཡི་གེ་བྱུང་།། དེ་ལས་གྲོགས་ཀྱི་ཡི་གེ་བྱུང་།། ཡི་གེ་འབྲུ་གཅིག་ལུས་པོ་ལ།། དགོས་པའི་ཡན་ལག་བདུན་ཚང་སྟེ།། མགོ་ནི་མངོན་པར་ལམ་འདྲེན་ལ།། ཚག་མིག་རྟ་པོ་ཞི་ཤང་རྟ་ཞོན།། ཡན་ལག་ཤུགས་ཀྱིས་འགྲོ
350a4 པར་བྱེད།། ཡན་ལག་ཤུགས་ཀྱིས་འགྲོས་བསླང་ནས།། མགོ་ནི་དོན་གྱི་ལམ་དུ་ཞུགས།། ཚིག་ནི་ཤེས་རབ་མིང་དུ་སྦས།། ཤད་ཀྱི་སྡེ་པ་ཚོགས་སུ་གཅོད།། ཡི་གེའི་དོན་དང་རང་བཞིན་སྟོན།། ཆོག་པར་འབྲུ་ཡི་ཚེ་གདོན་ནི།། སྟོན་པའི་གསུང་དུ་ངེས་པར
350a5 གསུངས།། ལྷག་པར་ཤར་བ་སིལ་བུར་རྣམས།། འདྲེས་པ་གང་ཟག་མི་ཡི་ཚིག། ང་ཡིས་གསུངས་པའི་དོན་ལ་སྭཱ།། ཞེས་གསུངས་སོ།། གསང་བ་སྤྱི་རྒྱུད་ལས། སྤྲ་དང་ཡི་གེའི་དྲུང་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེས།
350a6 པ་གསང་བདག་ཆེན་པོ་ལ་ཞུས་པ།། ཡི་གེའི་རང་བཞིན་དེ་ལྟར་བྱུང་བ་ལ།། འགྲེལ་དང་བཤད་ཐབས་ཇི་ལྟར་ལགས།། སྟེན་པ་གསང་བདག་ཆེན་པོས་གསུངས་པ།། ཇི་ལྟར་གནས་པའི་གནས་ལུགས་ཏེ།། ཚིག་གིས་མཚོན་དུ་མེད་པ་ལ།། རྗེས་འཇུག་ལ་སོགས་ཉིང་བས་ལ།
350a7 ཤེས་ཤིང་རྟོགས་པར་བྱ་བའི་ཕྱིར།། དོན་གྱི་འགྲེལ་པ་ལྔ་འདི་བཤད།། ཁྱེད་ལ་སོགས་པའི་འཁོར་རྣམས་ཉོནི།། དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་།། དོན་གྱི་འགྲེལ་པ་ལྔ་པོ་འདི།། རྟོགས་ནས་ཀྱེ་དེ་དསལ་གཤེགས།། དོན་གྱི་འགྲེལ་པ་ལྔ་པོ་འདིས།། ང་ཡི




iiif viewer powered by OpenSeadragon

349b - 350b

Texts on this page

Gdg006.45 - gsang ba spyi rgyud ces bya