e-texts navigator
Collection
Volume
Page
Wylie

349a1 འཐུ། དྲུག་མོས་པ་དྲང་བའི་ཐབས།། བནྡྷ་ཁྱེན་ཁྱོད་ཀྱིས་གསུང་དྲུགསོལ།། ཞེས་གསོལ་བས། གསང་བདག་ཅན་པོས་གསུངས་པ། འགྲོ་དྷག་སེམས་ཅན་བྱམས་ཅད་ཅེས།། ཕྱོགས་མེད་དྲས་ནས་དོན་མགས་ལ།། འགྲུབ།
349a2 རིག་པ་སོ་སོར་ཤར།། དེ་ལ་བརྟས་ཤིང་ཞེན་པའི་སེམས།། ཀུན་འཆོལ་ངེས་འཇོག་གཏན་ལ་འབེབས།། ཞེན་བཏས་སྡུག་བསྔལ་སོ་སོར་མྱོང་།། སྡུག་བསྔལ་དེ་ལས་ཐར་པའི་ཐབས།། སྣོད་བརྒྱད་གཉིས་འདོམ་མན་ངག་གིས། དེ་དོན་གྲོལ་བའི་ཐབས
349a3 སུ་བསྟན།། འཁྲུལ་པ་རྩད་ནས་གཅད་པ་དང་།། མན་ངག་གནད་ལ་དབབ་པ་དང་།། མཚོན་བྱ་དཔེ་ཡིས་ངོ་བསྟན་དང་།། དབྱེ་བ་གཉིས་སུ་བསྟན་པ་དང་།། སྲ་ལྔ་ངོ་ཡིས་བཟུང་བ་དང་།། བརྡ་འདོན་ཁྱད་པར་བསྟན་པ་དང་།། རང་ཆུད་བསྟན་པའི་རིམ་པ་ཡིས།།
349a4 རྒོལ་རྩོད་རིམ་པའི་དབྱེ་བ་དང་།། མན་ངག་དོན་དང་སྦྱར་བ་དང་།། བཤད་ཐབས་རིམ་པར་བསྟན་པ་དང་།། རྣ་བ་རྒྱུད་བསྟན་པའི་རིམ་པ་ཡིས།། དེ་ཉིད་ཐོབ་པའི་ཐབས་སུ་བསྟན།། དགོས་འབྲེལ་གཉིས་ཀྱི་ཁྱད་པར་དང་།། ཡོན་ཏན་རྒྱུད་ཀྱི་ཆེ་བ་དང་།། ཁྱད་པར
349a5 མཚན་གྱི་ཆེ་ཚུལ་ལོ།། ཞེ་འདོད་མེད་པའི་རྟོགས་པ་དང་།། དངོས་པོ་ཅི་ཡང་མ་ཡིན་པས།། ཡེ་ཤེས་རང་ལུས་གསལ་འགྲིབ་མེད།། རྐྱེན་ལ་ལྟོས་པའི་འཁྲུལ་སེམས་བྲལ།། ལུས་ངག་འཁྲུལ་པ་རང་བཞིན་ཞིག། རྒྱུ་ཡི་ཆོས་ལ་བློ་མི་སྟེ།། ཐེག་པ་ཆེ་ལ
349a6 བློ་མི་འགྱུར།། རྟོགས་པས་བྱ་བ་དང་གིས་གཏང་།། དགེ་སྡིག་སེམས་དང་བྲལ་བའོ།། ངོ་བོ་ཐུབ་པ་ཅི་ཡང་མེད།། སྟོང་པ་ཡེ་ཤེས་སྙིང་པོ་ཉིད།། བཅོས་བསླང་མེད་པའི་རང་བཞིན་ཉིད།། འགྱུ་མེད་འཛིན་མེད་རྟོག་པ་བྲལ།། སྣང་སྟོང་མཐའ་གཉིས་ཐ
349a7 ཉིད།། འཁྲུལ་པའི་མྱོང་རིག་གང་ཡང་མེད།། འགྱུར་མེད་གྱེན་དང་བྲལ་བའོ།། སངས་རྒྱས་སེམས་ཅན་མཉམ་པ་ཉིད།། མཐའ་དང་དབུས་མེད་ཀློང་ཆེན་པོ།། མཚན་ཉིད་རིག་པ་བསམ་མི་ཁྱབ།། ལུས་ཀྱང་དེ་བཞིན་གནས་པ་སྟེ།། རང་རང་འདོད་པ




iiif viewer powered by OpenSeadragon

348b - 349b

Texts on this page

Gdg006.45 - gsang ba spyi rgyud ces bya