e-texts navigator
Collection
Volume
Page
Wylie

341b1 ཡིན་དེར་མི་གནས།། བསྒོམ་པ་ལིས་མི་རྙེད་ཕྱིར་བསྒོམས་པས་རྙེད་པར་མི་འགྱུར་ཏེ།། སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན།། རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ།། འདུ་བྱེད་མ་སྐྱེས་ཆོས
341b2 ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས།། དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན།། ནམ་མཁའ་མི་དམིགས་མིང་ཙམ་དག་དང་མི་དགེ་འབྱེད་མེད་སྐྱེ་བའང་མེད།། རྩོལ་བ་ཡིད་ལ་མི་བྱེད་གང་ལ་ལང་སེམས་མེད་ཤེས
341b3 དང་མི་ཤེས་བྲལ།། དྲན་དང་འབྱེད་མེད་གང་ལའང་སྤང་ལེན་དགའ་དང་མཚུངས་མེད་མི་དམིགས་ཤིང་།། མཉམ་གནས་གཉིས་སུ་བརྟགས་མེད་བརྗོད་བྲལ་བྱ་དང་མི་བྱ་མེད་དེ་སོགས་བྲི་མེད།། ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས
341b4 དང་།། གང་ལའང་ཆགས་དང་ཡུལ་གྱི་མྱོས་སྐྲག་མེད་དེ་མི་འབྲལ་མི་གནས་ཤིང་།། མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དྲང་ཕ་རོལ་ཕྱིན་རྣམས་དེར་ཤེས་ཏེ།། སེམས་ཀྱི་དབྱིངས་སུ་བསྒོམས་པས་ལམ་གྱི་ཕུགས་ན་འདུག་པ་དེ་ཡིན་གྱིས།། གཞན་དུ་བསོས
341b5 པས་འོད་གསལ་དོན་ཉིད་རིག་པར་མི་འགྱུར་རོ།། བརྡའ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཆེན་པོ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར།། དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་བསྒོམ་པའི་གནས་ཡིན་ཏེ།། ཏིང་འཛིན་གསུམ་པོ་བརྟན་པར་བྱས་ནས་རྟགས
341b6 མཚན་མ་ཕྱག་རྒྱ་གསུམ་བཅིངས་ནས།། ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ་པའི་གནས།། རྡོ་རྗེ་སེམས་དཔའ་བསྒོམས་པས་ལ་མཐུན་མ་ནོར་བསྒོམ་པ་ཡིན།། ཀུན་ཏུ་འཟང་མོའི་སྤྱོད་པས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་།
341b7 ནཏ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར།། དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས།། དོན་འདིར་སྨོས་པ་དེ་ཡང་བྱང་ཆུབ་ཆེན་པོ་ཡིན་ཞེས་ཚུལ་བས་རབ་ཏུ་བསྔགས།། གནས་འདིར་བསྐྱེད་པ་ཙམ་གྱིས




iiif viewer powered by OpenSeadragon

341a - 342a

Texts on this page

Gdg006.44 - byang chub sems sgom pa rdo la gser zhun