| | e-texts navigator
|
341a1 བྱ། དསུང་ཆུམ་དང་དུ་པདམ་གྲངས་ག་ཁྱོད་དུསུ་ང། གཉིས་ཐོད་པས་ད་དུ་ནཛད་མ་བྱངས་བད་ཨུད་རྣལ་ལ་སུགས།། བསྟན་པདེབན་པང་ག་ཏུ་ན་པ་མྱེད་ན་པམ།
341a2 དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་སན་སྒྲིབ་ལེན།། ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤངས་ཤིང་གནས་པར་མི་རྙེད་དོ།། བསྒོམ་པ་དང་ནི་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བའང་མེད།། དེ་ལྟར་དངོས་པོའི་མཐའ་རྣམས་བཏག
341a3 པས་རང་བཞིན་སྦྲུམ་མེད་འགྱུར་ཕྱིར།། ཡོད་ལ་ལྟོས་པའི་མེད་པ་མེད་དེ་མེད་པའང་མེད།། མཐའ་རྣམས་མེད་བྱིང་དབུས་མད་དཔྲས་ལའང་གནས་པར་མི་བྱེད་དོ།། གང་ལའང་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མི་སྲོད་འདྲ་མཉམ་གནས།། ཆོས་ལ་འཁྲུལ་བར
341a4 མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ།། དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོད་ངན་དུ་མི་རྟོག་གོ།། ཤེས་རབ་ཐབས་ཀྱི་སྤྱོད་པ་ལ་ཡང་མི་གནས་ཕྱིར་ན་བདུད་རྩི་འདྲ་བར་སྤྱོད།། རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལས་རྒྱལ་ཏེ་ངེས་བསྙེམས་ན།
341a5 འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་།། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲེད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ།། གཡོ་དང་མིག་ཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དེ།། སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས
341a6 དེ་གཤེགས་གསུངས།། གཟུགས་དང་མཚན་མ་སྨོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ།། རྣམཐར་གསུམ་པོ་སྒོམ་པ་ཡང་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པའོ།། འཁོར་བའི་ལམ་གསུམ་སྤངས་ཤིང་མྱ་ངན་འདས་ལ་མ་བསྒོམ་བྱེད་པའང་བདུད་ཉིད་དེ།།
341a7 དེ་ཉིད་རང་བཞིན་མ་ཞི་རང་བཞིན་རྩལ་སྤངས་གར་མི་གནས།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་འདི་གཞན་ན་མེད།། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན།། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ
iiif viewer powered by OpenSeadragon
340b - 341b