| | e-texts navigator
|
337b1 དྲ་འཐུང་བར་འགྱུར།། དེ་མེད་སངས་རྒྱས་དངོས་འཛིན་འགྱུར།། དེ་ལྟར་ཟུང་འཇུག་ལམ་མད་ན།། མཐར་ཐུག་འབྲས་བུ་འབྲུང་མི་འགྱུར།། འབྱུང་ན་མོ་སྲིད་གཞུང་དང་འགྲེལ།། གཞན་དུ་རེ་ཞིག་ཕྱོགས་རལ།། སངས་ཀྱིས་ཞེས་སུ་བརྟགས་པར
337b2 ཟད།། གསང་སྔགས་མཐའ་དྲུག་ལྡན་བྱས་ནས།། ཡོ་བྱད་གཉིས་ལ་ལོངས་སྤྱོད་པས།། རྣལ་འབྱོར་དབང་ཕྱུག་དམ་པདེ།། རྡོ་རྗེ་སེམས་དཔའི་གྲལ་དུ་བྱིན།། ཚེ་འདི་ཉིད་དམ་པར་མདོར།། སྲུ་དང་ཡེ་ཤེས་འཐོབ་པར་འགྱུར།། གལ་ཏེ་རྩོལ་ཞེན་མ
337b3 ཉམས་ན།། སྐྱེ་བ་ལན་གྲངས་འགའ་ཡིས་འཐོབ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ། གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལས། རྡོ་རྗེ་ཐེག་པའི་ལམ་གྱི་ཁྱད་པར་གྱི་འབྲས་བུ་ཐོབ་པའི་ལེའུ་སྟེ་གསུམ་པའོ།། །།
337b4 དེ་ནས་ཡང་དཔལ་རྡོ་རྗེ་སེམས་དཔས་གསོལ་པ། ཀྱེ་མ་བཅོམ་ལྡན་ཀུན་བཟང་པོ།། རྫོགས་པ་ཆེན་པོའི་རོལ་པ་ལ།། གསང་སྔགས་མཐའ་དྲུག་གསུངས་པ་དེ།། དོན་ཉིད་རིམ་པར་བཤད་དུ་གསོལ།། ཞེས་གསོལ་པས། ཀུན་ཏུ་བཟང་པོ་རྒྱལ་བས
337b5 པད་སྩལ་པ།། གསང་སྔགས་མཐའ་དྲུག་གསུངས་པ་ནི།། དདྨ་པོར་བསྐྱེད་པའི་ཚུལ་དབང་བསྐུར།། དེ་ནས་རིག་པའི་རྩལ་དབང་བསྐུར།། དབང་ཉིད་ཆགས་པར་བྱེད་པ་ལ།། གཞི་ཉིད་དམ་ཚིག་གཟུང་བར་བྱ།། ཐམས་ཅད་མཉམ་པ་ཆེན་པོར་བསྐུ་།།
337b6 དྲི་སྟབས་ཟུག་བཅད་པས།། རང་སྲུང་ཡེ་ཤེས་རྩོལ་བྲལ་བ།། རིག་པ་སྟོང་གསལ་དོན་ལ་བརྟགས།། ཉམས་སུ་ཏིང་འཛིན་བླང་བ་ནི།། བསྐྱེད་པའི་རིམ་པའི་ཚུལ་བཟུང་ནས།། མཚན་བཅས་ལྷ་ཡི་འཁོར་ལོ་འདི།། ཡབ་ཡུམ་དཔའ་བོ་གཅིག་པར་བསྒོམས།།
337b7 རིགས་འདུས། ཙོ་བོ་རྫོགས་རིམ་བརྟེན།། ལྷ་དང་སྟོང་པ་ཟུང་འདུག་ཉིད།། དེར་བརྟེན་ལུས་སེམས་བསྒྲིམས་བྱས་ལ།། སེམས་བཟུང་ལམ་ནུ་བླང་བའམ།། ཕྲེང་ན་ལུས་སེམས་གློད་པའམ།། སེམས་བཟུང་སྟོང་གསལ་དང་དུ་བཞག། བྱིར་ནོད་རྨུགས་ན་སྐྱོན་གསུམ
iiif viewer powered by OpenSeadragon
337a - 338a