e-texts navigator
Collection
Volume
Page
Wylie

336b1 བསྟ།། ས་བཅུཔ་ལ་འདི་གནས་མྱེར་ན་དེལ་འདི་ཡང་གཏད།། འདི་སྨོསུ་ལ་གནས་པ་བྱང་ཆུབསམས་དཔའ་ས་རྣམས་གྲུབ་པའི་མཆོག། ས་ཡང་དོན་འདྲི་ཐོལ་སྐད་ཅིག་གནས་པ་དེ་ལ་རྫོགས་པར་ཆོས་སྐུས་གསུངས།། དེ་ལ་བྱིན་རླབས་རྒྱལ་བ་ཅན་ཀྱང་ག
336b2 བར་འགྱུར་ཏེ་དེ་སང་གསུངས།། དོན་འདི་གཟུགས་སྒྲ་མཚན་དཔེ་འདོད་པས་བསྟན་པས་རྟོགས་མི་རུང་།། གཏོགས་ཀྱི་ཨཱ་བསྙེས་བཤད་པ་ཡིན་ཕྱིར་ཆོས་སྲས་གསུངས།། ཆོས་སྭ་བྱ་བྲ་ལ་འང་ལྟར་ལྗང་བ་ཀུན་ལ་སྣང་ཕྱིར་གསུང་ཞེས་རྒྱལ་བས་གསུངས།།
336b3 བྱང་ཆུབ་ཀྱི་སེམས་སྒྲོལ་པའི་རྒྱུད་ལས། ཐེག་པའི་མཆོག་ཉིད་དང་དེ་ཉིད་ལ་དེ་ཉིད་ཀྱིས་བསྟོད་པ་དང་གདམས་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ཐེག་པའི་སྐྱེང་པོ་རྫོགས་སོ།།
336b4 རྒྱ་གར་སྐད་དུ། མ་ཧཱ་སནྟི་ས་མནྟ་བྷ་དྲཱ་ཛྙཱན་པཀྴ་ཤནི་ནི་སྔ་མནྟ་སུ་པ་ཐས་མུད་ཡ་ཏནྟ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པ།། གསང་སྔགས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ
336b5 ཀུན་ཏུ་བཟང་པོ་སུ་དབྱེར་མེད་དང་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་གི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་སྐྲ་དང་ཡེ་ཤེས་དབྱེར་མེད་པ་ཉིད། ཆོས་ཉིད་ཡུམ་གྱི་བྷ་ག་ལ་བཞུགས་ཏེ། རིག
336b6 ལྔ་སངསཿས་ལ་སོགས་ཏེ། འཁོར་རྣམས་དང་ཐབས་ཅིག་ཏུ། རིག་པ་སྟོང་གསལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། རྫོགས་པ་ཆེན་པོ་ཡེ་ཤེས་གསལ་བར་སྟོན་པ་གསང་སྔགས་ལམ་མཆོག་འདུས་པའི་རྒྱུད་ལས་གླེང་གཞིའི
336b7 ལེའུ་སྟེ་དང་པོའོ།། ། དེ་ནས་དཔལ་རྡོ་རྗེ་སེམས་དཔས་བཅོམ་ལྡན་འདས་ལ་གསོལ་པ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། སྐུ་དང་ཡེ་ཤེས་ཐམས་ཅད་མཁྱེན།། གསང་སྔགས་རྫོགས་ཆེན་དོན་ཉིད་དེ།། བདག་ཅག་རྣམས་ལ་བཤད་དུ




iiif viewer powered by OpenSeadragon

336a - 337a

Texts on this page

Gdg006.42 - byang chub kyi sems sgom pa'i rgyud
Gdg006.43 - rdzogs pa chen po kun tu bzang po ye shes gsal ba ston pa/ gsang sngags kyi lam mchog 'dus pa'i rgyud