e-texts navigator
Collection
Volume
Page
Wylie

334b1 གཞན་མེད་དུ་ཡན་འབྲས་པ་ཉིད་དཀང་པོའང་ཡིན།། འདི་མ་མཐོང་ན་གང་ལ་བསྐད་པ་རྟོག་པའི་ཀླུང་ལ་གནས།། གཟུགས་དང་མཚན་མ་སྨིན་པར་འཛིན་པར་བསྤངས་ནས།། རྣམ་པར་ཐར་བ་གསུམས་བསྒོམ་པའང་བདུད་ཀྱི་ལས་ཡིན་གཟུགས་ཉིད་སྟོང
334b2 པའོ།། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པའང་བདུད་ཉིད་དེ།། དེ་ཉིད་རང་བཞིན་མ་ནི་རང་བཞིན་རྩལ་སྤང་གར་མི་གནས།། འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་ཉིད་གཞན་ན་མེད།། བྱང་ཆུབ་ཀྱི་སེམས
334b3 བསྒོམ་པའི་རྒྱུད་ལས།། མྱ་ངན་ལས་འདས་པའི་ལམ་མཐར་གཏུགས་པ་བསྟེན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་བདེ་བ་ཆེན་པོས། ཡང་དག་པའི་དོན་མཛུབ་ཚུགས་སུ་དགོངས་པ་སངས་རྒྱས་ཉིད་ཀྱིས་ཉིད་ལཆེད
334b4 དུ་བརྗོད་པ་འདི་ཆད་དུ་བརྗོད་དོ།། ལྗང་དང་མི་ལྡང་མེད་དུ་མི་སྤང་སེམས་རྟེན་མི་འཆའ་མངོན་དུ་མིན།། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེ་ཡིན་དེར་མི་གནས།། བསྒོམ་པའི་ས་མི་རྙེད་ཕྱིར་བསྒོམས་པ་ས་རྙེད་པར་མྱི་འགྱུར་ཏེ།། རྣམ་བྲལ་གང་ལའང
334b5 མཆོག་དང་ཐ་མ་མེད་པ་པ་ས་མཆོག་འདི་བསྒོ་མཆེ།། བྱེ་བྱེད་བྱ་བྲལ་ཡེ་ནས་དེ་བཞིན་ཉིད་འདི་དེ་བཞིན་རང་བཞིན་གནས།། དེ་ལ་འཁོར་བ་མྱང་ན་འདས་མེད་གང་ལའང་མེད་མིན་ཐམས་ཅད་ལྡན།། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། རྫོགས་པ་ཆེད
334b6 པོ་མདོར་བསྡུས་ཏེ་སྒོམ་པའི་ལམ་གྱི་མཆོག་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་བདེ་བ་ཆེན་པོས། རང་བཞིན་གྱིས་ཉིད་ལ་ཉིད་གྱེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས།
334b7 དངོས་མེད་དེ་ཅི་ཀུན་ཀྱང་ཆོས་ཀྱི་དབྱིངས་ཞེས་དགྲ་བཅོམ་རབ་འབྱོར་ཡིན།། ནམ་མཁའ་མི་དམིགས་མིང་ཙམ་དགེ་དང་མི་དགེར་དབྱེ་བ་མེད།། རྩོལ་བར་ཡིད་ལ་མི་བྱེད་གང་ལ་སེམས་མེད་ཤེས་དང་མི་ཤེས་བྲལ།། དྲན་དང་འབྱེད་མེད་སྤང་ལེན་གང་ལའང་དགའ




iiif viewer powered by OpenSeadragon

334a - 335a

Texts on this page

Gdg006.42 - byang chub kyi sems sgom pa'i rgyud