| | e-texts navigator
|
333b1 བྱེད།། རྣམས་ཅད་མཉམ་པའི་རྒྱལ་པོ་བྱ་བ་ཡིན་བྱས་སྣོད་ལས་འདུས་པ་ཡིན།། ད་ལྟར་ཡེནས་གནས་པ་ལ་སུ་ཞིག་མ་འཆོམ་ཟད་ཉིད་དེ་བཞིན་འཇོག་པ་བྱང་ཆུབ་རྗེ།། དེ་ལོ་སུ་རྫོགས་རང་བཞིན་ན་བྱ་སྤང་བ་ལྟ་སླད་རྫོགས་པ་ཡིན། @
333b2 པོ་འདི་ལ་ལྟ་སྤྲོད་དེ་ཉིད་འགྲུབ་པར་བྱེད་པ་དེ་ལ་སྙིང་པོ་རིང་།། དེ་ཡིས་སྙིང་པོ་མི་མཐོང་སྤྲོད་དང་བཅས་པས་སྙིང་པོ་ཉམས།། འདི་ནི་རྩོལ་དང་ཡེ་ནས་བྲལ་བས་བཙལ་དུ་ལེ་ནས་མེད་ཕྱིར་སྙིང་པོའི་མཆོག། དུས་གསུམ་རྟུལ་བས་ཀྱང་ནི་མ་བསྐྱབས་མ་སྤངས་མ
333b3 བཅོ་ལ་བཞག་ལས་མཐོང་།། མཐོང་མ་ཐག་ཏུ་སྦྱང་བཙལ་འགྱོད་དེ་སྦྱངས་མ་དགོས་པར་རྟོགས།། རྟོགས་པའི་ངང་དེ་ལ་ནི་དུས་གསུམ་རྒྱལ་བའི་སངས་རྒྱས་རྡུལ་སྙེད་གནས།། སངས་རྒྱས་འགྲོ་དཔྱིར་རྩོལ་བའི་ལམ་ཀུན་བོར་ནས་གདོད་སངས་རྒྱས།། རྩོ
333b4 བགྲོད་ལམ་ལ་གནས་ཚེ་འཕགས་པའི་སར་ཚུད་ཙམ།། དཔྱིར་ཉེ་ལམ་པདི་རྫོགས་སྐྲགསུ་མོ་རྡོ་རྗེ་འཆད་པའི་ས་ཞེས་སྙིང་པོ་འདི་ལ་བྱ།། མ་བགྲོད་གནས་སུ་ཕྱིན་པ་རང་ཆུད་དག་པས་ཕྱིན་པའི་ས་ཡང་ཡིན།། ཕྱི་ནང་སེམས་ཀྱི་སྤྱོད་ཡུལ་བག་ཆགས་རྒྱུན་དང་བཅས
333b5 པར་བལྟ་བ་སེམས་ཙམ་ཡིན།། སེམས་རྐུན་བག་ཆགས་རྟོག་པ་དེ་ལ་སྙིང་པོ་འདི་ཉིད་མེད།། དེ་ཕྱིར་ཡུལ་དང་ལུས་སུ་བལྟ་བ་དེ་ཉིད་རྟོགས་པའི་རྒྱུན་ཉིད་དོ།། མི་བསྒོམ་མི་བསྒྲུབ་མི་བསྲུང་དེ་བཞིན་ཉིད་ལ་རང་བློ་དེ་བཞིན་བཞག། དེ་ལ་བཞགས་འགོས
333b6 འདུགས་ཀུན་གྱིས་བགྲོད་སར་ཕྱིན་པ་ཡིན་པས་ཉེ་ལམ་མོ།། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། སེམས་ཙམ་གྱི་ལྟ་བ་འབྲས་བུ་ཡོན་ཏན་དང་བཅས་པ་ཨ་ཏིར་ལ་བཟླ་བའི་ལེའུ་སྟེ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་གཉིས་སུ
333b7 མེད་པའི་བདེ་བ་ཆེན་པོས་ཡང་དག་པ་མ་གྲུབ་པས་དེའི་རྫུ་འཕྲུལ་འཁྲུལ་པ་རྣམས་ལ་སྣང་བར་བསྟན་པ་འདི་ཉིད་ལ་ཉིད་ཀྱིས་ཆེད་དུ་བརྗོད་དོ།། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྤྱི་འདྲ་འཁྲུལ་ལ་སྣང་།། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཉིད་ཤིན
iiif viewer powered by OpenSeadragon
333a - 334a