e-texts navigator
Collection
Volume
Page
Wylie

332b1 མཐོང་ལས།། བདག་ཏུ་བལྟ་བ་སོགས་པ་མུ་སྟེགས་བལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག། སེམས་འདི་ལས་རྣམས་སྣ་ཚོགས་གནས་འགྱུར་བག་ཆགས་མཐའ་མེད་ངེས་པ་མེད།། བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ།
332b2 ན་འ། ས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡེ་གྱད་ཀྱི་ལུས་སྡང་ལ།། རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྲུ་བའི་མཐུ་མཐོང་ནས།། དབང་ཕྱུག་ལ་སོགས་བྱེད་པར་འདོད་དེ་ལ་མ་དེས་མི་ནི་གྲོལ་མི་འགྱུར།། རྣལ་འབྱོར་ལམ་བསླ
332b3 ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོགས་སྐྱེ།། བདག་ཏུ་བརྟགས་པས་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ།། ཆོས་སུ་བཏགས་པས་སྡུག་བསྔལ་སྣ་ཚོགས་འབྱུང་ཞིངངན་སོང་སྲིད་པར་འགྱུར།། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ
332b4 ཐ་དད་འཛིན་པས་ན།། ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གིས་རིགས་ལ་དུ་མ་མེད།། ཤེས་ཤིང་རིག་པའི་རིགས་སུ་གཅིག་སྟེ་རིགས་ལ་དུ་མ་མེད།། དྲི་ཕྱིར་སེམས་ཀྱི་སྐད་ཅིག་དང་པོའི་དེ་ལ་ལུས་དང་ཆོས་ཀུན་གནས།། དེ་ལ་བསམ་བཞེན
332b5 ཕྱིར་ཕྱི་མ་དེས་འབྱུང་དེ་ལ་སྣང་། རང་སེམས་རྒྱུན་ལ་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་པ་མིན།། རྒྱུད་དྲུག་རིགས་ལམ་དེ་ལའང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ནོ།། སེམས་རྒྱན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་གཅིག་ལ་བརྟེན་པ་མེད་པའོ།།
332b6 དེ་སྩོགས་པ་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་བདག་གི་ལུས།། བདག་གི་ལུས་ནི་མཐའ་ཡས་ཞིང་དང་རྩེ་བའི་ལུས་སུ་རབ་སྡང་ཡང་།། སེམས་དང་བག་ཆགས་ཐ་དད་མ་ཡིན་གཅིག་མིན་བརྟག་པར་རབ་ཏུ་དཀའ།། འདི་ཀུན་རྟེན་ཅིང་འབྲེལ་པར་འབྱུང
332b7 པའི་ཚུལ་ཏེ་སྐྱེ་དང་འགག་འགྱུར་ཞེས།། ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད།། དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུར་སྟོན་པའི་སེམས་ཉིད་ནི།། མུ་དང་རྐྱེན་དུ་སྣང་དེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད།། སྐྱེ་འཆི་མེད་ཕྱིར




iiif viewer powered by OpenSeadragon

332a - 333a

Texts on this page

Gdg006.42 - byang chub kyi sems sgom pa'i rgyud