| | e-texts navigator
|
331b1 དེབཞིན་གནས་པ་འདི་ལ་དབནན་གཤེགས་པ་ན་ནས་འདི་ལ་དགངས།། ད་དག་ཤེགས་པའི་ཐུགས་ཉིད་པཞིན་བྱེད་དོ་ད་པ་གན་ཉི་དུལ་སུ་དམི་འཐུང་། དྲྀན་མ་གཅེས་སུརྣམ་དང་དགས་ལ་བདེ་ཅན་ཀུན་བྱབས་ཡང་ན།། མ་བ་དབྱིངས་གཞདུ
331b2 ལས་ཀུན་ཏུ་འོད་ཀྱིས་ལས་འདས་པའི་བླ་མད་ཐེག་ཆེན་འདི།། ཐེག་པ་ཀུན་གྱི་ནད་གསོ་མཛད་པའི་སྤྱན་པའི་རྒྱལ་པོ་སྟེ།། འདི་ལས་ཟབ་པའི་ཆོས་ནི་གང་ནའང་མེད་པ་ཡིན་ཏེ་ཤིན་ཏུ་ཕྲ།། འདི་མ་མཐོང་བར་གང་གཱའི་བྱེ་སྙེད་སངས་རྒྱས་མཐོང་ཡང་ཡང་དག་བྱང་ཆུབ་མོ།
331b3 ཐེག་གཞན་བློ་མི་གཏིང་དུ་སྣང་ཞིང་ཡེ་ཤེས་ཆེན་པོའི་ལམ་སྦྱངས་བྱས་ཀྱང་རྟོག་པའི་ཀླུང་།། བློ་ཡི་རིམ་པས་ཡུན་རིང་ཡུན་དུ་བསྐྱབས་ན་གྲུབ་མཐའ་མཐར་འཛིན་ཁོ་ན་དེ་ཉིད་དོ།། ཐེག་གཞན་གྲུབ་མཐའ་འདི་ནི་ཅིར་ཡང་དམིགས་སུ་མེད་དེ་ཀུན་གྱི་རང་བཞིན་ཡིན།། འདི
331b4 ལས་ཡ་མཚན་འཕྲུལ་གྱི་ཡེ་ཤེས་འོད་འབར་དེ་ནི་ཀུན་ལ་ཁྱབ་པར་གསལ།། འདིར་མ་འཁྱིལ་པའི་ཆོས་ནི་གང་ནའང་མེད་དེ་ཐིག་ལེ་དག་པའི་སྐུ།། འདི་ནི་དམིགས་ཤིང་བསྒོམ་དུ་མེད་དེ་བསྒོམ་པའི་ཐ་སྙད་འདས།། ལམ་དུ་བགྲོད་དུ་མེད་དེ་ལ་མ་མཆོག་ལམ་གྱི
331b5 ཕུལ་ཏེ་དེ་བཞིན་ལམ་ཕུགས་ཉིད།། འདི་ལ་རྟོགས་པར་བྱར་མེད་ཀུན་སངས་རྒྱས་པ་ཡེ་ནས་ཡིན།། འཁོར་པ་མྱ་ངན་འདས་པ་གཉིས་མེད་མཉམ་པའི་རྒྱལ་པོ་བླང་དོར་མེད།། དེ་བཞིན་ཉིད་མ་གཏོགས་པའི་ཆོས་རྣམས་གུད་ན་ཡོད་མ་ཡིན།། ཆོས་འདི་སྐང
331b6 པ་ཐམས་ཅད་འདུ་བྱེད་རྒྱུན་དང་བཅས་པའི་མཐུ་ཉིད་སྣང་བ་སྟེ།། རྒྱན་རྟོགས་བག་ཆགས་རྒྱུན་མཆུད་པར་སྣང་བ་ཡིན་པས་སྡང་བའི་དངོས་པོ་བརྟག་མི་བྱ།། དེ་དག་སེམས་ཀྱི་འབྱུང་འཇུག་རྒྱན་བཅད་ཕྱིར་ན་ཡེ་སངས་རྒྱས་པ་ལས།། གཞན་དུ་མི་བས་མ་དེ་ཉིད་དེ་བཞིན
331b7 ཡི་ནང་དེ་བཞིན་ཉིད།། སེམས་ཀྱི་ཕུར་བ་དེ་བཞིན་གཏིང་དུ་བཏབ་ནས་བཞག་པ་དེ་ལས་དབྱུང་མི་བྱ།། འགྲལ་ཞིང་གཡོ་བའི་ཚོན་བཅིང་ཞིང་འབྱུང་དུ་གཞུག་པར་ཡོངས་མི་བྱ།། བྱང་ཆུབ་ཀྱི་སེམས་སྒོམ་པའི་ཆུད་ལས། དོན་གྱི་སྙིང་པོ་རང་བཞིན་ཡོན་ཏན་ད
iiif viewer powered by OpenSeadragon
331a - 332a