e-texts navigator
Collection
Volume
Page
Wylie

331a1 ན་བ་རྣམ་པའིའ་མེས་ནི་སུ་ལ་འང་བརྟན་པར་མི་རིགས་ཏེ།། བརྟེན་པའི་མི་རྣམས་མི་རྒོད་སེམས་དང་ཆས་ཤིང་འི་གྲོགས་ཅི་ཐོབ་ཚོལ་བ་ཡིན་པས་བསྒོམ་ལ་གནོད་བྱུང་རོ།། སེམས་རྟོགས་བསྒོམ་པ་མས་ནི་འགྲུས་པར་གསང
331a2 རྟེན་མཚན་ལེ་ལོ་མི་བྱེད་པའོ།། ཆོས་རྣམས་ཐམས་ཅད་བརྟགས་པ་ཡོད་ཕྱིར་བརྫུན་ཏེ་བདེན་མེད་ངེས་པ་མེད་པར་འཆི་ཚེ་འཇིགས་མེད་ལ།། བག་ཆགས་དེ་མཐུས་དམྱལ་བའི་བག་ཚ་མེད་དེ་སངས་རྒྱས་ཉིད་ལས་དམྱལ་སོགས་མིང་ཡང་མེད།། ཆོས་རྣམས
331a3 ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཡང་དག་པ་ཡི་ལམ་ཡིན་ནོ།། དེ་ལྟར་རྟོགས་ནུས་དེ་ཐོབ་པ་ལ་དེ་ཉིད་སངས་རྒྱས་ཡིན་པར་སངས་རྒྱས་གསུངསྟེ།། དེ་འདྲའི་ཆོས་འདི་རྟོགས་ནས་གཞན་ལ་འཆད་པ་དེ་ནི་འཁོར་པའི་སེམས་ཅན་སྒྲོལ་ལ
331a4 མཁས་པ་ཡིན།། དུས་གསུམ་སངས་རྒྱས་ཀྱིས་ཀྱང་འདི་བཞིན་རྟོགས་ཤིང་ཐོབ་ལས་བྱུང་ནས་མཚན་དཔེ་དོད།། ངོ་བོ་ཉིད་ཀྱིས་སྟོང་པ་འདི་མ་རྟོགས་པར་གཞན་ན་ཆོས་དབྱིངས་མེད་ཅིང་འབྲས་བུ་སངས་རྒྱས་མེད།། ངོ་བོ་ཉིད་སྟོང་སྤྱོད་པ་སྟོང་པའི་ངོ་བོ་ཉིད་ལ་མ་ཆགས
331a5 པར་ན་དེ་ཉིད་མྱ་ངན་འདས་པའོ།། ཡང་དགདོན་འདི་ཆོ་ག་གིས་བཤད་དུ་མི་རུང་ཚིག་དང་བཤད་པས་སླེབ་པར་ནུས་མ་ཡིན།། བྱང་ཆུབ་སེམས་སྤྲོས་པའི་ཀླུད་ལས། ཐེག་པ་ཆེན་པོ་མདོ་སྡེའི་དོན་དང་མཚན་ཉིད་བསྟན་པའི་ལེའུ་སྡེ་ལྔ་པའོ།། ། དེ
331a6 ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་གཉིས་སུ་མེད་པའི་དོན་ཉིད།། ཉིད་ཀྱིས་ཉིད་ལ་ཆེད་དུ་བརྗོད་པ་ཟེད་དུ་བརྗོད་དོ།། བྱང་ཆུབ་སེམས་ནི་ཡོན་ཏན་ཐམས་ཅད་འབྱིན་པའི་ནོར་བུ་ཉིད་དེ་ཐེག་པའི་མཆོག། ཁྱད་པར་མཆོག་ཏུ་བླང་ཅིང་ཀུན་གྱིས་རབ་ཏུ་བསྔགས་པ
331a7 རྫོགས་ཆེན་ཡིན།། ཀུན་གྱི་རང་བཞིན་བྱ་བྲལ་ཡངས་པའི་སྙིང་པོ་འདི་ནི་བསྒོམ་དུ་རྡུལ་ཙམ་མེད།། དེ་ནི་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དངོས་མེད་དམིགས་སུ་མེད་པས་སོ།། བྱང་ཆུབ་སེམས་ནི་དེ་བཞིན་ཉིད་ལས་དང་གིས་འདའ་མི་བྱེད།། དེ




iiif viewer powered by OpenSeadragon

330b - 331b

Texts on this page

Gdg006.42 - byang chub kyi sems sgom pa'i rgyud