e-texts navigator
Collection
Volume
Page
Wylie

330b1 བརྟགས་པས་བརྟག་ཀླུང་ལས་ཉམས། རྒྱས་རྒྱ་ཏང་པོ་འདི་ལ་བསྒོམ་དུ་ཅི་ཡང་གྲུབ་པ་མེད།། གང་ཡང་ངདམི་གྲན་མཚན་མེད་མཚན་མ་འདྲ་ག་རྟོགས།། མི་རྟོག་པ་ཉིད། ཟླ་བའི་བྱུང་རྟལ་ཤེས་སུ།། གང་ཡང་དང་པ་མེད་པའི་ཆོས་ཉིད་ལ་མ་མཆོག་ལ།། མ་བཅམ
330b2 པས་མ་དང་བྲལ་ན་བསྒོམ་པའི་ཐང་།། བཙལ་ཞིང་བརྟགས་ན་ལམ་མཆོག་དེ་ལས་གལ།། དེ་ལས་དེ་བཞིན་བདེ་བ་མེ་འབྱུང་ཆུ་འབྲས་ཅན།། བསྒོམ་དུ་མེད་བཞིན་དམིགས་པར་བྱེད་པ་སྨིག་རྒྱུན་བྱེད་འདྲ།། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས།
330b3 པའི་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཐེག་པ་ཆེན་པོའི་དོན་དང་མཚན་ཉིད་ཉིད་ལ་ཉིད་ཀྱིས་བརྗོད་པ། སེམས་ནི་རྗེ་ཞིང་འང་སྟེ་དགེ་དང་མི་དགེའི་ལས་མི་སྤྱོད་པདམ་པོའི་སེམས་ཡིན
330b4 རོ།། དོན་དམ་ཉིད་ལ་མིང་དང་མཚན་མ་མེད་དེ་སེམས་ཀྱིས་དམིགས་པར་ནུས་པ་མ་ཡིན་དག་གིས་བཤད་པར་ནུས་མ་ཡིན།། སེམས་གཡོས་པ་ན་མཚན་མ་ཉིད་དེ་མཚན་མའི་རྒྱུ་ལ་མིང་བཏགས་པ་དེ་མིང་དང་མཚན་མ་ཞེས་བྱའོ།། རྣམ་པར་རྟོག་པ་གང་ཡང་ལེན་ཞི
330b5 རྒྱགས་ན་དེ་མིང་སྒྱུ་མ་མི་དདེ་བ་ཡི་འདུ་ཤེས་ཡིན།། མིང་དང་མཚན་མ་གང་ནའང་མེད་པར་རྟོགས་ཤིང་ཤེས་ན་དེ་མེད་ཡང་དག་པ་ཡི་ཡེ་ཤེས་སོ།། མིང་དང་མཚན་མ་ཅི་ཡང་རང་རེག་ཡིད་ལས་མ་གྱེས་པ་ནི་དེ་བཞིན་ཉིད་ཅེས་བཤད།། ཐེག་པ་ཆེན་པོ་གང་ན
330b6 བདེན་པ་བཞིན་དུ་རྣམ་པར་ཤེས་པ་མི་ག་ཡོ་ནང་ནི་སེམས་ཀྱི་ས་ཉིད་སྡེབ་མེད་པའོ།། རྣམ་པར་རྟོག་པ་མེད་པ་གང་ནད་ལྟར་ཅི་ནིརྣམ་པར་ཤེས་པ་མི་སྐྱེའོ།། སངས་རྒྱས་སྤྱོད་པ་ཇི་ལྟ་བུན་སེམས་མེད་པར་ཤེས་ཆོས་ལ་གོས་མེད་པར་ཤེས་པའོ།། སེམས་གཟུག
330b7 མེད་ལ་ཤེས་པ་ཡོད་པ་གང་ན་སེམས་པ་ཆོས་ལ་གཟུགས་མེད་པ་དེ་ཤེས་དང་མི་ཤེས་པའོ།། ཕོ་མོ་ཁྱིམ་པ་རབ་ཏུ་བྱུང་བ་སེམས་ཅན་མདས་རྒྱས་ལ་སོགས་མཐོང་བ་དེ་དག་མ་གཡོས་པ་ན་ཡང་དག་པ་བཞི་ཆོས་ལ་མ་སྤྱོད་པ་ཡིན།། སེམས་དེ་ཤེས་པར་བྱ་བའི་ཕྱིར




iiif viewer powered by OpenSeadragon

330a - 331a

Texts on this page

Gdg006.42 - byang chub kyi sems sgom pa'i rgyud