| | e-texts navigator
|
330a1 དེ་ཉིད་དོན་འདིར་བལྟ།། མངོན་སུམ་ལ་སོགས་དྨ་ཡིས་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་པ།། དེ་ཉིད་རྟོག་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློ་ཡིས་འཇིག་བྱེད་དེ།། རྟོག་མཐའ་མེད་ཕྱིར་དཔོན་མཐའ་མ
330a2 མདན་རྩོད་པ་དཀང་།། དེ་ཕྱིར་འཇིག་རྟེན་ཐ་སྐད་བཏགས་འདིལ་འབྱོར་ལམ་འདིར་མི་དགོས་སོ།། ཕྱོགས་དུས་མཉམ་ཉིད་རྣམ་པར་དག་པ་ཡེ་ནས་ཡིན་པ་སན།། སྣ་ཚོགས་ཆོས་རྣམས་ཀུན་ལ་ཇི་ལྟར་འདོད་དབང་བསྒྱུར།། འཇིག་ཏན་འདས་དང་འཇིག་རྟེན་མ་འདས
330a3 ཐམས་ཅད་ཀུན།། ཡང་དག་ཤེས་པས་རབ་ཏུ་བརྟགས་པས་རྟོགས་འགྱུར་ན།། རང་བཞིན་མཉམ་པ་མེད་ལས་ཅིང་ཡང་སྣང་ཞིང་འབྱུང་།། ཇི་ལྟར་སྣང་བ་ཉིད་ནའང་དབྱིངས་ཀྱི་རང་བཞིན་དེ་བཞིན་ཉིད་ཡིན་། ཏེ།། དེ་ལྟར་རྟོག་པར་གྱུར་པའི་རང་བྱུང་ཡེ་ཤེས་ཏིང
330a4 ནི།། སྣ་ཙོ་གས་ཆོས་རྣམས་ཀུན་ལ་དབང་ཡང་བསྒྱུང་བས་མི་ཉམས་ཏེ།། དེ་ཕྱིར་ཚད་བཞི་ན་འབྲས་འདོད་པའི་ཐ་སྙད་པ་ནི་ཚང་འར་འཇོག་མོད་ཀྱེ།། རྒྱ་ཡི་འབྲས་བུ་དམ་པའི་ཡུལ་འདི་ཚད་མས་གཞི་གཏུག་ལ་ཡོད་དོ་མེད།། དཔེ་དང་ཚང་མས་རྙེད་མིན་གསང་སྔགས་རྒྱ
330a5 ཆེན་པོ་འདི།། ཡོངས་བསྲུབས་ཀུན་བསྐྱེད་སྙིང་པོར་གནས་ཏེ་འབྲས་བུའང་ཡིན།། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། དོན་དམ་པའི་རང་བཞིན་རྟོགས་པར་བྱ་བའི་ཐབས་བསྟན་པ་དང་།། ཚད་མས་གཞིག་ཏུ་མེད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །
330a6 དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཆེན་པོ་དེས། ཉིད་ལ་ཉིད་ཀྱིས་བསྒོམ་དུ་མེད་པའི་དོན་བརྗོད་པ།། ཡངས་སོ་ཆེའོ།། ཉིན་ཏུ་ཕྲ་བའི་ཆོས་ཉིད་འདི།། ཆུ་འབྲས་མི་འབྱེད་དང་གིས་བཙན་པས་དེ་བཞིན་ཉིད།། རང་བཞིན་གནས་པས་བྱ་མེད་པ
330a7 ཀླུང་ཆེན་པོ།། རྣབས་གཞན་ནམ་ཐོས་པར་མི་རུང་ཅོག་ལས་འདས། ལྕེས་ཀྱང་བརྗོད་དུ་ས་རུང་སྡོད་བཅུད་འི་ཞེས་རྣམ་པར་དང་།། བླང་དོར་བོད་པའི་དི་དེའི་ལུག་རྫོགས་པའི་སྒོ།། དྲང་སྲོང་བདེན་པར་བཞུགས་པ་རྣམས་ཀྱིས་བརྟག་རི་།། དོན་འདིས
iiif viewer powered by OpenSeadragon
329b - 330b